མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ»པར་སྐྲུན་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-06-18 11:03

4444.JPG

1111.JPG

«རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ»།

2222.JPG

«རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ»།

3333.JPG

«མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ»།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ»དང«རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ»། «མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ»བཅས་ནི་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་གངས་ཅན་ཁྱད་ནོར་དཔེ་ཚོགས་ཞེས་པའི་ཁག་ཅིག་ཡིན་ཞིང་། དེ་ལས«རྗེ་ཙོང་ཁ་བའི་གསུང་འབུམ»དང«རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ»གཉིས་ནི་སོ་སོར2012ལོ་དང2013ལོར་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། «མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ»ནི་ད་ལོའི་ཟླ་ལྔ་བར་ཐོག་དང་པོར་པར་བསྐྲུན་གནང་།

    སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་གངས་ ཅན་ཁྱད་ནོར་དཔེ་ཚོགས་ཞེས་པ་ལས«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ»འདི་ལ་དེ་སྔ་གསེར་དངུལ་སོགས་རིན་པོ་ཆེའི་བྲིས་དང་། ཡིག་མཁན་དང་ཡིག་གཟུགས་མི་འདྲ་བའི་བྲིས་སྣ་ཚོགས། པར་དུ་བརྐོས་པ་ལའང་པར་རྩ་མི་འདྲ་བ་བཅུ་ཙམ་བཞུགས་པའི་ནང་། འདིར་དུས་རབས19པའི་ནང་ཞོལ་གངས་ཅན་ཕན་བདེ་གཏེར་མཛོད་གླིང་དུ་བརྐོས་པའི་ཞོལ་པར་མ་ཕྱིར་བཟུང་ནས། དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་དང་། བཀྲ་ཤིས་ལྷུན་པོའི་པར་རྙིང་སོགས་ཀྱིས་དཔྱད་གཞི་བྱས་ཏེ། དུས་རབས18པའི་ནང་སྐུ་འབུམ་བྱམས་པ་གླིང་དུ་པར་བཏབ་པའི་སྐུ་འབུམ་པར་མ་ལ་ཞིབ་ ཏུ་དཔེ་བསྡུར་ཞུས་ཤིང་། མཚན་བྱང་དང་ས་བཅད། དཀར་ཆག་སྒྲིག་སྟངས་སོགས་མ་དཔེ་ཇི་བཞིན་བྱས་ཐོག ཚིག་དོན་མི་མཐུན་པ་བྱུང་རིགས་ཟུར་དུ་བསྡུར་མཆན་བཀོད་པ་དང་། དཀའ་གནད་རིགས་མཁས་དབང་དག་ལ་བཀའ་འདྲི་ཞུས་ཏེ་བཀའ་ཕེབས་བཞིན་གོ་སྒྲིག་ཞུས་ནས་གཏན་ལ་ཕབ།

    དཔེ་བསྡུར་ཞུས་དག་གི་རིམ་པ་ལའང་ཐོག་མའི་ཞུས་དག་དང་བསྐྱར་ཞུས། ཡང་ཞུས། ཞུས་ཆེན་སོགས་རིམ་པ་དྲུག་ལྷག་བརྒྱུད་ཡོད་པ་དང་། དེབ་ཚད་དང་ཡིག་གཟུགས་ཆེ་ཆུང་། ཚེག་བར་ཐིག་ཕྲེང་དང་བཅས་པ་ལོ་བགྲེས་གཞོན་ཀུན་གྱིས་སྐྱོར་ཀློག་གཟིགས་ཞིབ་ཅི་ བདེ་དང་། ཤོག་བུ་རྒྱབ་ཤ་སོགས་རྒྱུ་གཙང་སྤུས་གཙང་གང་བཟང་གང་ལེགས་ཀྱིས་བྱས་པ་མ་ཟད་རིན་ གོང་ཡང་གང་འཚམས་སུ་བཅད་ཡོད་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག