མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་གི་བྱེ་འགྱུར་དང་ཐན་སྐམ་འགོག་བཅོས་བྱེད་པའི་ཉིན་མོ་ཐེངས་ཉི་ཤུ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་གི་བྱེ་འགྱུར་དང་ཐན་སྐམ་འགོག་བཅོས་བྱེད་པའི་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་ཧེ་ཡན་རྫོང་བྱེ་གླིང་ལས་གཞི་ཁུལ་ནས་སྤེལ། ཐེངས་འདིའི་བྱ་འགུལ་གྱི་ཀྲུང་གོའི་བརྗོད་བྱ་ནི་བྱེ་ཐང་ལྗང་བསྒྱུར་དང་མཛེས་སྡུག་གི་ཀྲུང་གོ་ཞེས་པ་དེ་ཡིན་ལ། དྲིལ་སྒྲོག་བྱ་འགུལ་ཁྲོད་འགྲེམ་སྟོན་པང་ལེབ་འཇོག་པ་དང་དྲིལ་སྒྲོག་རས་ཡོལ་འགེལ་བ། དྲིལ་སྒྲོག་ཡི་གེ་བཀྲམ་པ་སོགས་ཀྱི་རྣམ་པ་སྤྱད་ནས། འགྲོ་འོང་གི་མང་ཚོགས་ལ་བྱེ་འགྱུར་འགོག་བཅོས་བྱེད་པའི་ནུས་པ་དང་དོན་སྙིང་གལ་ཆེན་ཐད་ནས་དྲིལ་སྒྲོག་གསལ་བོ་བྱས་པར་མ་ཟད། སྔར་ལས་མང་པ་མི་མང་པོ་བྱེ་འགྱུར་བཅོས་སྐྱོང་གི་དཔུང་སྡེ་ཁྲོད་ཞུགས་པར་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག