མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“མཚོ་སྔོན་གྱི་རྒྱུད་འདྲེས་པད་ཁ་ཨང་7པ”སླར་ཡང་རྒྱལ་ཡོངས་ཀྱི་དཔྱིད་འདེབས་པད་ཁའི་རིགས་གཙོ་བོར་གྱུར་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:57

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་པ་ཏུའུ་ཏེ་ཀྲི་ཡིས་འདེབས་གསོ་བྱས་པའི“མཚོ་སྔོན་གྱི་རྒྱུད་འདྲེས་པད་ཁ་ཨང་7པ”ཞིང་ལས་པུས་ཁྱབ་གདལ་བཏང་བ་བརྒྱུད་རང་རྒྱལ་གྱི་དཔྱིད་འདེབས་པད་ཁ་གཞི་ཁྱོན་ཆེན་པོའི་སྒོ་ནས་ཁྱབ་གདལ་དང་འདེབས་འཛུགས་བྱེད་པའི་ཁྲོད་དེའི་ཚབ་བྱེད་ཐབས་བྲལ་བའི་ལེགས་ཆར་བརྟེན་ནས་གྲུབ་འབྲས་ཐོབ་པ་དང་ཉེ་ཆར་སླར་ཡང་དཔྱིད་འདེབས་པད་ཁའི་རིགས་ནང་ཚུད་པ་འབའ་ཞིག་ཡིན་པ་དེ་ཞིང་ལས་པུས་ཁྱབ་གདལ་བཏང་བ་རེད།“མཚོ་སྔོན་གྱི་རྒྱུད་འདྲེས་པད་ཁ་ཨང་7པ”དེས་རང་རྒྱལ་གྱི་དཔྱིད་འདེབས་པད་ཁ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཞིང་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་རེད།

    པད་ཁ་རིགས་དེ་2011ལོར་རྒྱལ་ཁབ་ཞིང་ལས་སྐྱེ་དངོས་རིགས་ཀྱི་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་རང་རྒྱལ་གྱི་དཔྱིད་འདེབས་པད་ཁའི་སྔ་སྨིན་རིགས་གཙོ་བོར་གྱུར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག