མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 10:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་6ཚེས་10ཉིན་ནས་བཟུང་མཚོ་སྔོན་གྱིས་དུས་ཡུན་ཟླ་གཅིག་རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་མཛུབ་ཁྲིད་དུ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་འདུ་ཤེས་བརྟན་པོ་བཙུགས་ནས་མིའི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཧྲན་ཏུང་ཆིང་ཏའོ་ཡི“11·22”སྣུམ་འདྲེན་ལྕགས་མདོང་ནས་སྣུམ་ཕྱིར་དོན་ཏེ་འབར་གས་བྱུང་བའི་ལས་འཛོལ་ཚབས་ཆེན་གྱི་སྣ་སུན་ཕོག་པ་བྱས་ཏེ་ས་གནས་ཁག་གིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་འཕྲལ་མར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་ཁོངས་གཏོགས་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཡང་བསྐྱར་དབྱེ་ཞིབ་དང་།བཀོད་སྒྲིགབཅོས་སྒྲིག་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་ནན་པོ་བཟོ་བ་དང་དོན་འཁྱོལ་བྱས་ཡོད་པ་རེད།

    གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།ས་གནས་ཁག་གི་སྡོད་ཁང་འཛུགས་སྐྲུན་དང་།འཕེལ་སྒྱུར།རྒྱལ་ཁབ་ས་ཆ།སྤུས་ཚད་ལྟ་སྐུལ།བདེ་འཇགས་ལྟ་སྐུལ།མེ་ཟོན་བཅས་དང་དེ་བཞིན་གྲོང་ཁྱེར་གྱི་སྤྱི་སྤྱོད་གཙོ་གཉེར་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་འབར་རླངས་ལྕགས་མདོང་གི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་དང་ལྕགས་མདོང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཏེ་ལས་ཀའི་ལམ་སྲོལ་འཛུགས་པ་དང་ལམ་ལུགས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་མཐུན་སྦྱོར་མཉམ་འགུལ་དང་།མཉམ་འབྲེལ་ཁྲིམས་འཛིན།ཕྱོགས་བསྡུས་བཅོས་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་དགོས།འཕེལ་སྒྱུར་དང་།རྒྱལ་ཁབ་ས་ཆ།སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་རྣམ་གྲངས་འཛུགས་པ་དང་།ཞིབ་འཇུག་བྱེད་པ།འཆར་འགོད་བྱེད་པ།ལས་གྲྭའི་བརྟག་ཞིབ།ལས་འགོ་འཛུགས་པའི་འཐུས་མཆན་སོགས་ལྷུ་ཚིགས་ཐད་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྟོག་ཞིབ་དང་ཞིབ་བཤེར་གཏན་འབེབས་ནན་པོ་བྱས་ནས་གནོན་ཤུགས་དང་མི་མངོན་པའི་རྐྱེན་ངན་གསར་པ་མི་ཐོན་པ་བྱེད་དགོས།བདེ་འཇགས་ལྟ་སྐུལ་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁུར་དགོས།སྤུས་ཚད་ལྟ་སྐུལ་དང་།གནམ་གཤིས།སྤྱི་བདེ་མེ་ཟོན་སོགས་སྡེ་ཚན་གྱིས་དམིགས་བསལ་སྒྲིག་ཆས་དང་།འབྲུག་གློག་ཞིབ་བཤེར་ཚད་ལེན།གནམ་གཤིས་ཧ་ཅང་ཞན་པ།མེ་ཟོན་སོགས་ཐད་ཀྱི་བདེ་འཇགས་དོ་དམ་ལས་དོན་དོན་འཁྱོལ་ནན་པོ་བྱེད་དགོས།སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁུར་ནས་ལས་ཀའི་ཐད་མཐུན་སྦྱོར་བྱ་ཤུགས་ཆེ་རུ་བཏང་ཐོག་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་མདོང་དྲ་གཉེར་སྐྱོང་ཚན་པའི་བདེ་འཇགས་འཁོར་སྐྱོད་ཐད་གནས་པའི་གནད་དོན་ལ་རོགས་རམ་དང་ཐག་གཅོད་བྱེད་རོགས་ཏན་ཏིག་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཁྲོད་འབར་རླངས་ལྕགས་མདོང་སྤོ་སྒྱུར་དང་འབྲེལ་བ་ཡོད་ཚེ་དུས་ཐོག་ཏུ་སྲིད་གཞུང་སྡེ་ཚན་དང་ཁེ་ལས་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་བཙུགས་ནས་སྤོ་སྒྱུར་བྱ་ཐབས་ཞིབ་འཇུག་གིས་བཟོས་ཏེ་འབར་རླངས་མདོང་དྲའི་བདེ་འཇགས་འཁོར་སྐྱོད་འགན་ལེན་བྱེད་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག