མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར49.84བརྩོན་ལེན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-16 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། “ཁུལ་གསུམ”འཛུགས་སྐྲུན་དང་ཀྲུང་དབྱང་གི་མ་དངུལ་བཀོད་སྒྲིག་གཙོ་གནད་ལ་གཞིགས་ནས་ཤུགས་ཆེན་པོས་མ་དངུལ་བརྩོན་ལེན་དངོས་འབེབས་བྱ་བ་ལེགས་པོར་བསྒྲུབས།

རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་ཚོགས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར49.84བརྩོན་ལེན་བྱས་ཡོད། དེའི་ནང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་དང་མཁར་གྲོང་གི་རྨང་གཞི་སྒྲིག་ཆས་ལ་མ་དངུལ་སྒོར་དུང་ཕྱུར12.61དང་། “ཞིང་གསུམ”འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར5.67། གཙོ་གནད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར18.92། སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་བཅོས་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར6.04། མཐའ་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར0.45། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར6.15བཅས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག