མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ་སྔོན་མ་ལྔའི་རིང་མཚོ་སྔོན་གྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-16 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཟླ5བར་མཚོ་སྔོན་གྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་ལ་སླར་གསོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། འཕར་ཚད29.6%ལ་སླེབས་པ་དང་ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཆ17.5ཇེ་མཐོར་སོང་ལ། དེས་ཟླ་སྔོན་མ5རིང་གི་དངུལ་གཏོང་འཕར་ཚད22.8%གོང་དུ་སྤེལ་ཡོད།

ཕན་ནུས་ལྡན་པའི་སྒོ་ནས་ཟླ4བའི་དངུལ་གཏོང་འཕར་ཚད་མར་འགྲིལ་བའི་རྣམ་པར་བསྒྱུར་བཅོས་གཏོང་བ་དང་། ལོ་ཧྲིལ་བོའི་དངུལ་གཏོང་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེངས་མང་པོར་ཆེད་དོན་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་བཀོད་སྒྲིག་བྱས། ས་ཁུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་ནན་ཏན་སྒོས་བྱ་བ་བསྒྲུབས། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་སྔ་རྗེས་སུ་དངུལ་གཏོང་དང་ལས་གཞིའི་ཆེད་དོན་ཚོགས་འདུ་བསྡུས་ནས་ལས་གཞི་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་མ་ཟད། བྱ་བའི་ཚན་ཆུང་མངགས་ནས་གཙོ་གནད་ས་ཁུལ་དུ“དངུལ་གཏོང་ལ་སྐུལ་འདེད་དང་མ་དངུལ་རྩིས་སྤྲོད་ལ་སྐུལ་འདེད། རྩིས་བཤེར་མཛོད་ཉར་ལ་སྐུལ་འདེད་བྱེད་པའི”ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཤུགས་ཆེན་པོས་ལས་གཞི་མགོ་རྩོམ་པ་དང་དངུལ་གཏོང་ལ་སྐུལ་འདེད་བཏང་། དུས་མཚུངས་སུ་སྔར་ལས་ལྷག་པའི་སྒོ་ནས་རྩིས་བཤེར་སྡེ་ཁག་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ཐུན་མོང་སྒོས་དངུལ་གཏོང་དངོས་ཟོག་གི་རྩིས་བཤེར་མཛོད་ཉར་བྱ་བ་ལེགས་པོར་བསྒྲུབས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཟླ་སྔོན་མ5ཡི་རིང་མཚོ་སྔོན་གྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་མུ་མཐུད་དུ་མགྱོགས་མྱུར་ངང་གོང་དུ་འཕེལ་བ་རྒྱུན་འཁྱོངས་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག