མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་སྐབས་བཅུ་བ་ཞུང་ཧྭ་རྫོང་དུ་མཇུག་རྫོགས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་སྐབས་བཅུ་བ་ཚེས་བཅོ་ལྔ་ཉིན་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་མཇུག་རྫོགས། དུས་ཡུན་ཉིན་གཉིས་ཀྱི་ནང་དུ་འགྲན་བསྡུར་བྱས་པ་བརྒྱུད། ཐེངས་འདིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་ལ་ཞུགས་པའི་ཞུང་ཧྭ་རྫོང་གི་འཐུས་ཚབ་རུ་ཁག་གིས་ཚན་ཆུང་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་ཤིང་ཚན་ཆུང་གཅིག་གི་བྱ་དགའ་ཨང་གཉིས་པ་བླངས་པ་དང་། ཚན་ཆུང་གཅིག་གི་ཨང་བཞི་བ་བཅས་བླངས་པས་རུ་ཁག་གི་སྤྱིའི་སྐར་གྲངས་འགྲན་བསྡུར་རུ་ཁག་ཡོངས་ཀྱི་ཨང་བཞི་བ་རེད།

རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ལོ་བཅུའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་རྒྱལ་སྤྱིའི་འགྲན་བསྡུར་སྣ་ཚོགས་དང་བསྡུར་ན་ཁྱད་པར་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག