མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྲིད་གཞུང་གི་མ་ལག་ལ་ཆེད་དོན་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཧྲིན་ཀྲང་ཧའོ་ཕིན་གྱིས་ཚོགས་ཐོག་ནས་གཏམ་བཤད། ཁོས་ནན་གྱིས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་བཅས་ཀྱི་བྱེད་ཐབས་དང་སྲིད་ཇུས་དངོས་འབེབས་གནས་ཚུལ་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་སྐུལ་སློང་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་སྔར་ལས་ལག་བསྟར་དངོས་འབེབས་བྱས་ནས། ཞིང་ཆེན་སྲིད་གཞུང་གི་མ་ལག་ལ་ཆེད་དོན་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་བྱ་བ་དམ་འཛིན་སྒོས་བསྒྲུབ་པར་འབད་འབུངས་ཧུར་བསྐྱེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། དཀའ་ངལ་སྣ་མང་གི་གནས་བབ་འོག་ཏུ་ད་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་བྱུང་གིན་ཡོད་ནའང་། ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་ཀྱི་འགན་ཁུར་དང་གནོན་ཤུགས་ཧ་ཅང་ཆེ་བས། ལྟ་རྟོག་དང་ཞིབ་བཤེར་གྱི་བྱ་བ་ཐོག་མཐའ་བར་གསུམ་དུ་གཙོར་བཟུང་ནས། སྲིད་ཇུས་འདྲ་མིན་ལག་བསྟར་དངོས་འབེབས་ཡོང་བར་འབད་དེ། ད་ལོའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་ལྟ་རྟོག་ཞིབ་བཤེར་ཚན་ཁག་བརྒྱད་རྩ་འཛུགས་བྱས་ཏེ། ས་གནས་སོ་སོ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཚང་མར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱེད་ཀྱིན་ཡོད་ལ། དེ་ནི་དེང་གི་དཔལ་འབྱོར་གནས་བབ་འོག་ལོ་གཅིག་གི་འོས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དེ་བས། གནད་དོན་འདོན་པ་དང་གནད་དོན་འདུམ་སྒྲིག་གཉིས་ཟུང་དུ་སྦྲེལ་བ་དང་། ཡུལ་དངོས་ནས་ལྟ་རྟོག་ཞིབ་བཤེར་དང་ས་གནས་སྡེ་ཁག་རང་གིས་རང་ལ་ལྟ་ཞིབ་བྱེད་པ་གཉིས་ཟུང་དུ་སྦྲེལ་བ། འཕྲལ་གྱི་གནད་དོན་དང་ཕུགས་ཀྱི་འཕེལ་རྒྱས་གཉིས་ཟུང་དུ་སྦྲེལ་བ་བཅས་ཡོང་བར་འབད་དེ། འཆར་འགོད་བཟང་བོ་བྱེད་པ་དང་གཅིག་གྱུར་ངང་བཀོད་སྒྲིག་ལེགས་པོ་བྱས་ཏེ། ལས་རིམ་ཡོད་རྒུ་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག