མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་དགེ་རྒན་གྱི་སློབ་གསོ་དང་ལག་ལེན་ཞིབ་འཇུག་ལྟེ་གནས་བཙུགས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:18

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་སློབ་གསོ་དང་ལག་ལེན་ཞིབ་འཇུག་ལྟེ་གནས་མཁར་ལྷོ་ས་ཁུལ་གྱི་སློབ་གསོ་ཅུའུ་ནས་སྒོ་བྱང་བཏགས་ཤིང་དངོས་སུ་ལས་མགོ་བརྩམས་པ་རེད། ཞིབ་འཇུག་ལྟེ་གནས་འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ལྷོ་ས་ཁུལ་གྱི་སློབ་གསོ་ཅུའུ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་པ་ཡིན་ལ། འདི་ནི་ས་ཁུལ་རིམ་པའི་གཞི་རྩའི་སློབ་གསོས་སློབ་གྲྭ་ཆེན་མོར་ཤེས་རིག་རྒྱབ་སྐྱོར་དང་། གཞུང་ལུགས་སྣེ་ཁྲིད་བྱེད་པར་རེ་འདུན་ཞུས་པ་ལྟར་བཙུགས་པའི་ཚོད་ལྟ་གལ་ཆེན་ཞིག་རེད།

    ཤེས་གསལ་བྱུང་བ་ལྟར་ན། ཞིབ་འཇུག་ལྟེ་གནས་འདི་ལས་མགོ་བརྩམས་རྗེས། མཁར་ལྷོ་ས་ཁུལ་གྱིས་སློབ་གྲྭ་ཆེན་མོའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ནས་མཁར་ལྷོ་ས་ཁུལ་ཡོངས་ཀྱི་དགེ་རྒན་རྣམས་ལ་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་རིགས་རིག་གནས། ལུས་རྩལ་སློབ་གསོ་སོགས་ཕྱོགས་གང་ཐད་ནས་མུ་མཐུད་དུ་གསབ་སྦྱོང་བྱས་ཏེ། དགེ་རྒན་རྣམས་པར་ཆེད་ལས་ཤེས་བྱ་ཁ་གསབ་བྱེད་པ་དང་། དགེ་རྒན་གྱི་སྡེ་ཆེད་ལས་ཅན་དུ་འགྱུར་བར་སྐུད་འདེད་གཏོང་རྒྱུ་རེད། དེ་དང་མཉམ་དུ་མཁར་ལྷོ་ས་ཁུལ་གྱིས་མུ་མཐུད་དུ་སློབ་གྲྭ་ཆེན་མོ་དག་གི་དགེ་ཐོན་སློབ་མ་རྣམས་ལ་སློབ་ཁྲིད་ལག་ལེན་གྱི་སྟེགས་བུ་ཞིག་བསྐྲུན་ཏེ། དུས་ངེས་ཅན་གྱི་ནང་དུ་སློབ་མ་མང་པོ་རྩ་འཛུགས་བྱས་ནས་མཁར་ལྷོ་ས་ཁུལ་གྱི་སློབ་གྲྭ་བཅོ་བརྒྱད་དུ་སོང་སྟེ། དངོས་སྦྱོང་བྱེད་དུ་བཅུག་ནས། མགྱོགས་མྱུར་ངང་ཚད་ལྡན་གྱི་དགེ་ཐོན་སློབ་མ་ཞིག་ཏུ་འགྱུར་བར་རོགས་འདེགས་བྱེད་རྒྱུ་རེད།

    ཞིབ་འཇུག་ལྟེ་གནས་འདིས་གཞི་རྩའི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་། ཕུལ་དུ་བྱུང་བའི་སློབ་ཆུང་གི་དགེ་རྒན་མང་པོ་བསྐྱེད་བསྲིང་བྱེད་པ། དེ་མིན་ད་དུང་སློབ་གྲྭ་ཆེན་མོའི་དགེ་ཐོན་སློབ་མ་དག་དངོས་སྦྱོང་ཁྲོད་མགྱོགས་མྱུར་ངང་འཚར་ལོངས་འབྱུང་བ་བཅས་ལ་ཕན་ཐོགས་ཆེན་པོ་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག