མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས《རྒན་གསོའི་ཞབས་ཞུ་ལས་རིགས་སྤེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-16 10:34

    ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་འཚོགས་པའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།མཚོ་སྔོན་གྱིས《རྒན་གསོའི་ཞབས་ཞུ་ལས་རིགས་སྤེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང《བསམ་འཆར》དེ་ལག་བསྟར་བྱེད་ཡུན་ནི་2014ལོའི་ཟླ་6ཚེས་16ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།

    མིག་སྔར་མཚོ་སྔོན་ཞིང་ཆེན་དུ་རྒན་རྒོན་མི་འབོར་ཁྲི་63.53ཟིན་པ་དེས་སྤྱིའི་མི་འབོར་གྱི10.99%བཟུང་བ་དང་སྔོན་དཔག་ལྟར་ན།2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་དུ་རྒན་རྒོན་མི་འབོར་ཁྲི་79.20ཟིན་རྒྱུ་དང་རྒན་རྒོན་ཅན་དུ་གྱུར་ཚད་12.98%ཟིན་རྒྱུ་རེད།མི་འབོར་རྒན་རྒོན་ཅན་དུ་འགྱུར་མགྱོགས་སུ་ཕྱིན་པས་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཡང་ཆེས་ཆེར་འཕར་ཡོད།རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་ཆེད《བསམ་འཆར》ནང་ཕྱོགས་དྲུག་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་བཏོན་ནས་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་ཆེད་འགན་ལེན་བྱས་ཡོད།

    ཕྱོགས་དྲུག་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་ནི།གཅིག་ནི་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་གྱི་སྲིད་ཇུས་ཡིན་ཞིང་།ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་ཡར་སྐུལ་ནུས་པ་འདོན་སྤེལ་བྱེད་པ་དང་དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་བ་བསྡུས་ཏེ་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།ཡིད་རྟོན་རིམ་པ་མཐོ་བའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ནོར་སྲིད་ཀྱི་སྐྱེད་གསབ་དང་གྲངས་ཉུང་དངུལ་བུན་སོགས་ཀྱི་བྱེད་སྟངས་གང་ལེགས་སྤྱད་དེ་རྒན་གསོའི་ཞབས་ཞུའི་ལས་རིགས་ལ་ནུས་ལྡན་ངང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་།གཉིས་ནི་ས་ཞིང་མཁོ་སྤྲོད་སྲིད་ཇུས་ཡིན་ཞིང་།རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ས་ཆ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཆ་བེད་སྤྱོད་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ནས་འཆར་འགོད་དང་མཐུན་པའི་གསར་འཕར་རྒན་གསོའི་ཞབས་ཞུའི་འཛུགས་སྐྲུན་ས་ཆ་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་དང་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དེ་ས་ཞིང་ནང་བཤུག་གན་རྒྱའི་ནང་འཇུག་པ་དང་འབྲེལ་མཚོན་རྟགས་གསལ་པོ་འགོད་དགོས་པ་དང་གཏན་འཁེལ་བྱས་པའི་གཉེར་སྐྱོང་རང་བཞིན་མིན་པའི་རྒན་གསོའི་ཞབས་ཞུའི་ས་ཆ་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་ས་ཆ་མཁོ་སྤྲོད་སོགས་ཀྱི་སྲིད་ཇུས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ།གསུམ་ནི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཡིན་ཞིང་།རྒན་གསོའི་སྒྲིག་གཞིས་མཁོ་འདོན་བྱས་པའི་རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་།གཉེར་སྐྱོང་རང་བཞིན་མིན་པའི་རྒན་གསོའི་སྒྲིག་གཞིའི་རང་སྤྱོད་སྡོད་ཁང་དང་ས་ཆའི་ཁང་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ།ཆ་རྐྱེན་དང་མཐུན་པའི་གཉེར་སྐྱོང་རང་བཞིན་མིན་པའི་རྒན་གསོའི་སྒྲིག་གཞིའི་ཁེ་ལས་ཀྱི་ཐོབ་ཁྲལ་གཏན་འབེབས་གཞིར་བཟུང་རྩ་ཆག་གཏོང་རྒྱུ།གཉེར་སྐྱོང་རང་བཞིན་མིན་པའི་རྒན་གསོའི་སྒྲིག་གཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གཏན་འབེབས་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་བཅས་ཡིན་པ།བཞི་ནི་ཁ་གསབ་རྒྱབ་སྐྱོར་སྲིད་ཇུས་ཡིན་ཞིང་།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་།ལས་བཟོའི་ཆ་སྙོམས་གླ་ཆ་འཕར་ཚད།ཟོག་གོང་འཕར་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་གཞི་རྩའི་རྒན་གསོ་དང་།གཞི་རྩའི་སྨན་བཅོས།མ་མཐའི་འཚོ་བ་འགན་ལེན་སོགས་ཀྱི་སྲིད་ཇུས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱས་ནས་འོས་འཚམས་སྐབས་རྒན་གསོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།ལྔ་ནི་ལས་གཉེར་མི་སྣའི་སྲིད་ཇུས་ཡིན་ཞིང་།རྒན་གསོའི་ཞབས་ཞུ་ལས་གཉེར་མི་སྣའི་སྤྱི་ཚོགས་ཀྱི་གནས་བབ་དང་ལས་རིགས་ཐོབ་ཐང་མཐོ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུ་ལས་རིགས་ཀྱི་ལས་གནས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་།རྒན་གསོའི་སྒྲིག་གཞིར་ལས་ཞུགས་བྱས་པའི་ཆེད་ལས་ལག་རྩལ་མི་སྣར་སྨན་བཅོས་སྒྲིག་གཞི་དང་ཕན་བདེའི་སྒྲིག་གཞི་དང་གཅིག་མཚུངས་ཀྱི་ལས་རིགས་ཐོབ་ཐང་དང་།ཐོ་འགོད་དཔྱད་ཞིབ།གོ་མིང་ཞིབ་དཔྱད་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ།དྲུག་ནི་སྤྱི་ཕན་དགེ་སྒྲུབ་སྲིད་ཇུས་ཡིན་ཞིང་།རྒན་གསོའི་ཞབས་ཞུའི་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་དེ་རྒན་གསོའི་སྒྲིག་གཞི་འཛུགས་སྐྲུན་དང་རྒན་གསོའི་ཐོན་རྫས་གསར་སྤེལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག