མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-16 10:34

   ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་ཤིང་།གཙང་གསུམ་ཆུ་འགོ་གནས་ས་ཡིན་པའི་མཚོ་སྔོན་གྱིས་སྣོད་བཅུད་ལ་རྒྱུན་མཐུད་ངང་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་པས་འདམ་རའི་ཐོན་ཁུངས་རྒྱ་ཁྱོན་རིམ་བཞིན་སླར་གསོ་བྱུང་སྟེ་མིག་སྔར་རྒྱ་ཁྱོན་སྤྱི་ཆིང་ཁྲི་814.36བར་རྒྱ་ཆེར་ཕྱིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    མཚོ་སྔོན་ནི་འབྲི་ཆུ་དང་།རྨ་ཆུ།རྫ་ཆུ་བཅས་ཀྱི་ཆུ་ཁུངས་ཡིན་པ་དང་འདམ་རའི་ཐོན་ཁུངས་ལ་རྣམ་པ་སྣ་ཚོགས་དང་གདོད་མའི་སྣོད་བཅུད་མ་ལག་གི་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་རང་རྒྱལ་ཙམ་མ་ཟད།ཐ་ན་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྣོད་བཅུད་སྙོམས་སྒྲིག་ཁུལ་གྱི་གྲས་ཤིག་ཀྱང་ཡིན་ཞིང་།ཞིང་ཆེན་དེའི་འདམ་རའི་ནང་འདམ་རྫབ་ཀྱི་འདམ་ར་དང་།མཚེའུའི་འདམ་ར།ཆུ་བོའི་འདམ་ར།མི་ཐབས་ཀྱིས་བཟོས་པའི་འདམ་ར་བཅས་ཚུད་པ་དང་ཕལ་ཆེ་བ་གཙང་གསུམ་ཆུ་འགོ་རྒྱུག་ཁུལ་དུ་གནས་ཡོད་པ་རེད།

    གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་འདི་ལོའི་དཔྱིད་ཀར་ལས་འགོ་ཚུགས་ཤིང་།དེ་སྔོན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལོ་8ལག་བསྟར་བྱས་པ་དང་།གཙང་གསུམ་ཆུ་འགོའི་ཁུལ་གྱི་ཆུ་ཁུངས་གསོ་ནུས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ་དང་ས་ངོས་ཀྱི་ཆུའི་ཐོན་ཁུངས་སླར་གསོའི་རང་བཞིན་ངང་འཕར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག