ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་སྐབས་བཅུ་བ་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སྤེལ་མགོ་བརྩམས་པ་དང་། ཐེངས་འདིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་ལ་ཀྲུང་གོ་དང་དབྱིན་ཇི། ཨ་མེ་རི་ཁ། ཨུ་རུ་སི་སོགས་རྒྱལ་ཁབ་བཅུ་ཡི་རུ་ཁག་སོ་གཅིག་གི་ལུས་རྩལ་པ་ཉིས་བརྒྱ་དང་ཞེ་བརྒྱད་ཞུགས་ཡོད།
རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལག་རྩལ་དཔོན་རིགས་ཝེ་ལིན་ཡོ་ཧན་ཧྥུའུ་ཐི་སྐབས་འདིའི་ཆུ་རྐྱལ་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཡུལ་དངོས་ནས་མཛུབ་སྟོན་དང་ལག་རྩལ་ལ་རྟོག་ཞིབ་བྱས། ཁོས་མཚོ་སྔོན་གསར་འགྱུར་དྲ་བའི་གསར་འགོད་པར་ཁོ་ནི་ཐེངས་དང་པོར་མཚོ་སྔོན་ལ་ཡོང་བ་ཡིན་ཞེས་བཤད་པར་མ་ཟད། འགྲན་བསྡུར་གྱི་འགན་སྲུང་དང་ལྷག་པར་དུ་བདེ་འཇགས་སྲུང་སྐྱོབ་བྱ་བར་གཟེངས་བསྟོད་བྱས་པ་དང་། རྒྱལ་ཁབ་སོ་སོའི་ལུས་རྩལ་པས་མཛེས་པའི་མཚོ་སྔོན་དུ་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བདག་གིས་རེ་སྒུག་བྱས་ཡོད།