མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་ཀྲུང་གོ·མཚོ་སྔོན་ཀྲུང་གོ་དང་ཨ་མེ་རི་ཁའི་རྡོ་གཡམ་རླངས་གཏེར་རྩད་གཅོད་སྔོག་འདོན་གླེང་སྟེགས་ཆེད་མཁས་པ་རྣམས་ལ་ཐུག་འཕྲད་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:56

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཟི་ལིང་ནས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཀྲུང་གོ·མཚོ་སྔོན་ཀྲུང་གོ་དང་ཨ་མེ་རི་ཁའི་རྡོ་གཡམ་རླངས་གཏེར་རྩད་གཅོད་སྔོག་འདོན་གླེང་སྟེགས་ཆེད་མཁས་པ་རྣམས་ལ་ཐུག་འཕྲད་བྱས།

    རྡོ་གཡམ་རླངས་གཏེར་ནི་ནུས་ཁུངས་གསར་བ་དང་དག་གཙང་ནུས་ཁུངས་ཤིག་ཡིན་པའི་ཆ་ནས། འཛམ་གླིང་གི་ནུས་ཁུངས་གྲུབ་ཚུལ་བསྒྱུར་བཞིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྡོ་གཡམ་རླངས་གཏེར་གྱི་ས་གཤིས་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པས་སྔོག་འདོན་གྱི་སྦས་ཤུགས་ཧ་ཅང་ཆེ།

    ལོ་ཧོས་ཉིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་རྡོ་གཡམ་རླངས་གཏེར་ཆེད་མཁས་པ་མཚོ་སྔོན་ཚོང་གཏམ་ཚོགས་འདུར་ཞུགས་པར་དགའ་བསུ་དང་བཀའ་དྲིན་ཆེ་ཞུས་ཤིང་། ཨ་མེ་རི་ཁའི་ལོས་ཉའོ་མ་རྩ་དོ་དམ་ཚད་ཡོད་ཀུང་ཟིས་མཚོ་སྔོན་ལ་མ་དངུལ་བཏང་བའི་འཐབ་ཇུས་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། རྡོ་གཡམ་རླངས་གཏེར་སྔོག་བྱེད་པ་དེས་ནུས་ཁུངས་དང་འཛད་སྤྱོད་གྲུབ་ཚུལ་ཇེ་བཟང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཁྱབ་ཁོངས་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ་དང་། དཔལ་འབྱོར་བདེ་འཇགས་སྲུང་སྐྱོང་བཅས་ལ་བཟང་ཕྱོགས་མང་། ད་ལྟ་ཀྲུང་གོའི་རྡོ་གཡམ་རླངས་གཏེར་སྔོག་འདོན་བྱེད་པ་དེ་སོ་མ་མགོ་ཚུགས་པའི་དུས་ལ་བསླེབས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱིས་རྡོ་གཡམ་རླངས་གཏེར་སོགས་དག་གཙང་ནུས་ཁུངས་རྩད་གཅོད་པའི་བྱ་བ་སྤེལ་བཞིན་པ་དང་། གཏེར་ཁ་དེ་རྩད་གཅོད་པའི་རྨང་གཞིའི་སྟེང་ནས་གོ་རིམ་ཡོད་པའི་སྒོ་ནས་གསར་གཏོད་བྱེད་ངེས། ཨ་མེ་རི་ཁས་རྡོ་གཡམ་རླངས་གཏེར་སྔོག་འདོན་བྱས་ནས་ལེགས་འགྲུབ་བྱུང་སྟེ་འདུ་ཤེས་དང་ལག་རྩལ། དོ་དམ་སོགས་ཀྱི་ཐད་དུ་ཉམས་མྱོང་མང་བོ་ཡོད་པས། ང་ཚོས་སློབ་སྦྱོང་དང་ཉམས་མྱོང་ལེན་འོས་བ་ཞིག་རེད་ཟེར།

    ལོས་ཉའོ་ཀུང་ཟིས་མ་དངུལ་གཏོང་བའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། ཨ་མེ་རི་ཁའི་རྡོ་གཡམ་རླངས་གཏེར་རྩད་གཅོད་པའི་ལག་རྩལ་དང་། དོ་དམ་ཉམས་མྱོང་སོགས་མཚོ་སྔོན་ལ་ཁྱེར་ཡོང་ནས། མཚོ་སྔོན་གྱི་རྡོ་གཡམ་རླངས་གཏེར་སྔོག་འདོན་དང་བེད་སྤྱོད་པའི་བྱ་བ་སྔོན་ཐོན་གྱི་གྲས་སུ་བསླེབ་དུ་འཇུག་པར་རོགས་རམ་བྱེད་རྒྱུའི་རེ་བ་བཏོན། ལོ་ཧོས་ཉིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འབྲེལ་ཡོད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཞོར་དུ། རང་འགུལ་གྱིས་ཆ་རྐྱེན་བསྐྲུན་ཏེ། སྟོབས་ཤུགས་ཡོད་རྒུས་ཕྱོགས་གཉིས་ཀྱི་མཉམ་ལས་སྔ་མོ་ནས་དངོས་གཉེར་གྱི་གྲུབ་འབྲས་ལེན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

    ཨ་མེ་རི་ཁའི་ལོས་ཉའོ་ཀུང་ཟིའི་ཏུང་ཧྲི་ཀྲང་། ཞོར་དུ་ལག་བསྟར་ཙུང་ཚེ་ཡིག་ཅིན·ཁི་ལི་ཁི་དང་། ལག་བསྟར་ཏུང་ཧྲི། ཞོར་དུ་ཏ་ཀྲུང་ཧྭ་ས་ཁུལ་གྱི་སྤྱི་ཁྱབ་ཅིན་ལི་ཧོང་དཔའ་སོགས་ཆེད་མཁས་པས་འཛམ་གླིང་དང་དེ་མིན་ཨ་མེ་རི་ཁའི་རྡོ་གཡམ་རླངས་གཏེར་ཐོན་ལས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག