མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་དང་པོའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་བདེ་བླག་ངང་མཇུག་རྫོགས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། རྒྱལ།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་དང་པོའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་་གློག་སྒུལ་རླངས་འཁོར་འགྲན་སྡུར་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་བདེ་བླག་ངང་མཇུག་རྫོགས་ཏེ་མཚོ་བྱང་ཁུལ་གྱི་གསེར་དངུལ་རྩྭ་ཐང་ནས་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས།

    མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་མཛད་སྒོར་ཞུགས་ནས་བྱ་དགའ་བྱིན། ལའོ་ཡུས་ལིན་དང་ཅིས་ཏིས་མཱ་ཅ། མཱ་ཝེ། ཀྲང་ཅན་མེན། མཱ་ཀྲི་ཝེ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྐུ་མགྲོན་རྣམས་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས།

    སྐབས་དང་པོའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་བྱ་འགུལ་སྤེལ་པའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཕུན་སུམ་ཚོགས་པའི་ལིས་ཐོན་ཁུངས་དང་ལིས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ལྷད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་ནུས་ཁུངས་གསར་བ་དང་ལག་རྩལ་གསར་བ། ཐོན་ལས་གསར་བ་བཅས་ཀྱི་བརྗོད་བྱ་འབུར་དུ་ཐོན་པར་བྱས་ཏེ་གློག་སྒུལ་རླངས་འཁོར་གྱི་ལག་རྩལ་དང་ལིས་གློག་གཡིས་ཀྱི་ལག་རྩལ། ནུས་ཁུངས་གསོག་འཇོག་བྱེད་པའི་ལག་རྩལ་བཅས་ཡོངས་ཁྱབ་ཏུ་དར་སྤེལ་དང་བཀོལ་སྤྱོད་བྱས་ཏེ་ཤུགས་ཆེན་གྱིས་ལིས་ཀྱི་མུ་འཁྱུད་ཐོན་ལས་གསར་སྐྲུན་བྱས་ནས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པ་དང་། ནུས་ཁུངས་གསར་བའི་རླངས་འཁོར་དང་ལྷད་མེད་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་རྒྱུ་དེ་ཡིན། གློག་སྒུལ་རླངས་འཁོར་འགྲན་སྡུར་བདེ་བླག་ངང་བསྒྲུབས་པ་དེ་མཚོ་སྔོན་ཞིང་ཆེན་གྱི་ལིས་གློག་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཐེངས་ཤིག་ཡིན། གློག་སྒུལ་རླངས་འཁོར་འགྲན་སྡུར་དེ་ཀྲུང་གོའི་ཆེས་ཆེ་བ་དང་ཆེས་དབང་འཛིན་ཅན་གྱི་རྒྱལ་སྤྱིའི་རང་བཞིན་གྱི་གློག་སྒུལ་རླངས་འཁོར་འགྲན་སྡུར་དུ་འགྱུར་བ་མ་ཟད། གོ་སྐབས་དེར་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་ལིས་གློག་གཡིས་སྒྲིག་བཟོ་བྱེད་པའི་ཐོན་ལས་དར་སྤེལ་དུ་བཏང་ནས་མཚོ་སྔོན་ཞིང་ཆེན་རྒྱལ་ནང་གི་ལིས་གློག་གཡིས་ཐོན་ལས་ཀྱི་རྟེན་གཞི་ཐོག་མར་འགྱུར་ངེས་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག