མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཚོ་ས་ཆ་སོ་སོར་སོང་ནས་་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སོ་སོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ། འགན་ནུས་བསྒྱུར་བ་དང་རྣམ་པ་བསྒྱུར་བ། སྤྱོད་ཚུལ་བསྒྱུར་བའི་ཐད་ཀྱི་རེ་བ་དོན་འཁྱོལ་བྱེད་པ་བཅས་བྱེད་ཆེད་ས་ཆ་སོ་སོར་སོང་ནས་བྱ་བར་རྟོག་ཞིབ་བྱས།

    མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་སྔ་གཞུག་ཏུ་རྨ་ལྷོ་ཁུལ་དང་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱེད་པར་སོང་། དེའི་རྗེས་སུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སོ་སོ་འཕྲོ་རིམ་འཕྲོར་མཚོ་ཤར་དང་མཚོ་ལྷོ། མགོ་ལོག མཚོ་ནུབ། ཟི་ལིང་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་ལས་ཁ་ཤས་སུ་སོང་ནས། གྲོང་ཁྱེར་དང་ཁུལ། རྫོང་དང་ཁེ་ལས་ཀྱི་ཏང་ཨུའི་མགོ་ཁྲིད་གཙོ་བོ་དང་བཞུགས་མོལ་བརྗེ་རེས་དང་། ཏང་ཨུས་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པའི་ཐད་ཀྱི་བསམ་འཆར་བརྗེ་རེས་བྱས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། འབྲེལ་ཡོད་ཁེ་ལས་བཅས་ཀྱིས་ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་འགན་འཁྲི་གཉིས་དང་། འགན་ནུས་དང་རྣམ་པ། སྤྱོད་ཚུལ་བསྒྱུར་བ། སྤྱོད་ངན་བཞི་ཡོ་བསྲང་བྱེད་པའི་རེ་བ་དོན་འཁྱོལ་བྱེད་པའི་ཐད་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ཉན། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོར་བྱས་ཏེ་རུལ་སུངས་གྱོད་གཞི་ཞིབ་གཅོད་བྱེད་པའི་ནང་དོན་སོགས་དང་དམིགས་ནས། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་གཞི་རིམ་ལས་བྱེད་པའི་བྱ་བའི་ཁྲོད་ཀྱི་བྱེ་བྲག་གི་གནད་དོན་ཐད་ནས་མཛུབ་སྟོན་རོགས་སྐྱོར་དང་ཟུར་ཁྲིད་དོགས་སེལ་བྱས།

    ས་གནས་དང་ཁེ་ལས་ཀྱི་ཏང་ཨུའི་མགོ་ཁྲིད་གཙོ་བོ་དང་བརྗེ་རེས་བཞུགས་མོལ་བྱེད་སྐབས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བློ་མཐུན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ནི་རང་ས་གནས་དང་རང་སྡེ་ཁག རང་མ་ལག རང་ལས་ཁུངས་ཀྱི་ལས་དོན་སྣ་ཚོགས་ཀྱི་མགོ་ཁྲིད་གཙོ་བོ་ཡིན་པས། ངེས་པར་དུ་ཏང་གིས་ཏང་ལ་དོ་དམ་དང་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པའི་རེ་བ་གཞིར་བཟུང་ནས། ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་དང་། ལག་བསྟར་པ། སྐུལ་འདེད་མཁན་བྱེད་དགོས་པ་དང་། ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གནད་དོན་གཙོ་བོར་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། མཉམ་དུ་དམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་གནས་བབ་འགྲུབ་པར་བྱེད་དགོས་ཟེར།

    གྲོང་ཁྱེར་དང་ཁུལ། རྫོང་། ཞང་དང་གྲོང་བརྡལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བློ་མཐུན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་གཙོ་འགན་ཁུར་བའི་ལས་ཁུངས་ཡིན་པས། ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲོད་དུ་འགན་ཁུར་གཙོ་བོ་ཁུར་ཡོད་པ་དང་། ངེས་པར་དུ་ཏང་སྲོལ་དང་ཏང་ནང་གི་ཁྲིམས་སྲོལ་གཞན་པའི་རེ་བ་ལྟར་དུ། ལྟ་སྐུལ་དོ་དམ་གྱི་འགན་ནུས་ལག་བསྟར་གང་ལེགས་བྱེད་པ་དང་། མགྱོགས་མྱུར་སྒོས་འགན་ནུས་དང་རྣམ་པ། སྤྱོད་ཚུལ་བསྒྱུར་ནས། སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། ཏང་ཨུའི་རྩ་འཛུགས་དང་གཞོགས་འདེགས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་མཐུན་སྦྱོར་བྱེད་པ་དང་། ཁྲིམས་འཛིན་ལས་ཁུངས་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ནས། གྱོད་གཞི་ཐག་གཅོད་བྱེད་པའི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག