མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི2014ལོའི་དམག་བསྡུ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:55

111.jpg

མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་བཞི་ལོའི་དམག་བསྡུ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས།

222.jpg

ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཚོགས་ཐོག་ནས་གཏམ་བཤད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་བཞི་ལོའི་དམག་བསྡུ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དམག་བསྡུ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིས་སུང་ཧྲན་དང་། ཞིང་ཆེན་དམག་ཁུལ་གྱི་ཇུས་འདོན་དཔོན་པོ་ཧན་ཀོང་ཀྲུང་སོགས་མགོ་ཁྲིད་གྲོས་ཚོགས་སུ་ཞུགས།

    ལོ་ཡུས་ལིན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་། དམག་བསྡུ་ལས་ཁུངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཉིས་སྟོང་བཅུ་གསུམ་ལོའི་དམག་བསྡུ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས། དམག་ནང་དུ་ཞུགས་པའི་ཐོ་འགོད་མི་གྲངས་དང་། ལུས་ཕུང་ཞིབ་བཤེར་བྱས་ནས་ཚད་ལྡན་མི་གྲངས་དང་། སློབ་གྲྭ་ཆེན་མོ་བ་དམག་ནང་དུ་ཞུགས་པའི་མི་གྲངས་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་པ་དང་། དམག་ཁུངས་ནས་བུད་པའི་སྤྱིའི་གྲངས་ཀ་ཇེ་དམའ་རུ་འགྲོ་བཞིན་ཡོད་ལ། དམག་བསྡུ་བྱ་བར་ཅུང་ཕན་འབྲས་ལྡན་པས་ང་ཚོས་གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་བྱས་ཟེར།

    ཁོས་བསྟན་དོན། ད་ལོའི་དམག་བསྡུ་བྱ་བ་དེ་ཕྱོགས་ཡོངས་ནས་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་གི་རྨང་གཞིའི་སྟེང་། དཀའ་ཁག་ལ་མི་འཛེམ་པར་བྱ་བ་དེ་སྔར་ལས་བཟང་བོའི་སྒོ་ནས་སྤེལ། ད་ལོའི་དམག་བསྡུ་བྱ་བ་བཟང་བོར་སྒྲུབ་དགོས་ན། གནད་འགག་ད་རུང་བསམ་བློ་གཅིག་གྱུར་དང་། ངོས་ཟིན་མཐོར་འདེགས་སུ་གཏོང་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱིས་དམག་བསྡུ་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་གོ་བ་ཟབ་མོ་ལེན་དགོས་པ་དང་ལག་བསྟར་བཟང་བོ་བྱས་ནས། དམག་བསྡུ་བྱ་བའི་དོན་སྙིང་གལ་ཆེན་གང་ལེགས་སྒོས་ངོས་ཟིན་བྱེད་དགོས་པ་དང་། བསམ་བློ་ཀྲུང་དབྱང་དང་། ལན་ཀྲིག་དམག་ཁུལ་དང་ཞིང་ཆེན་གྱི་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱས་ནས། དམག་བསྡུ་བྱ་བ་གཟབ་ནན་གྱི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས། འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། བྱ་བ་སྣ་ཚོགས་ཀྱི་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ད་ལོའི་དམག་བསྡུ་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

    ལོ་ཡུས་ལིན་གྱིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རྒྱལ་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དམག་ནང་དུ་ཞུགས་པའི་ན་གཞོན་རྣམས་སྣེ་ཁྲིད་དེ་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན། ད་ལྟའི་ཁེ་ཕན་དང་། ཡུན་རིང་གི་ཁེ་ཕན། མི་སྒེར་གྱི་ཁེ་ཕན་དང་། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ངོས་འཛིན་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་སུ“མི་གཅིག་དམག་ནང་དུ་ཞུགས་ན། ཁྱིམ་ཚང་གང་བོའི་གཟི་བརྗིད”ཡིན་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་ཞིག་ཆགས་པར་བྱས་ནས། རྒྱལ་སྲུང་འཛུགས་སྐྲུན་དང་དམག་བསྡུ་བྱ་བར་མཐོང་ཆེན་བྱེད་པའི་ཁོར་ཡུག་ཅུང་བཟང་བོ་ཞིག་ཆགས་པར་བྱེད་དགོས་པ་དང་། དམག་བསྡུ་བྱ་བ་བདེ་བླག་ངང་སྤེལ་དགོས་པའི་རེ་བ་བཏོན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག