མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་ལེགས་ངང་མཇུག་བསྒྲིལ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་ཡིན་པའི་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་ཞིང་ཆེན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་སྒྲུབ་ཚོང་གཏམ་གྲོས་ཚོགས་དང་སྐབས་དང་པོའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་གཉིས་ཀྱི་བྱེད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ།

    དུས་ཡུན་ཉིན་བཞིའི་རིང་གི་ཚོགས་རིམ་ཁྲོད། ཁྱོན་བསྡོམས་པས་མཉམ་ལས་ལས་སྒོ་རིགས་སུམ་བརྒྱ་གྱ་བདུན་ལ་མིང་རྟགས་བཀོད་ཟིན་པ་དང་། མཆན་བཀོད་དངུལ་གྲངས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན། ཐེར་འབུམ་བརྒྱད་ལ་བསླེབས་ཡོད་པ་ལས་གཞན། མ་དངུལ་སྒོར་ཐེར་འབུམ་ཡན་ལ་བསླེབས་པའི་ལས་གཞི་ང་གཅིག་ཡོད་ཅིང་། དེས་མཆན་བཀོད་སྤྱིའི་དངུལ་གྲངས་ཀྱི་བརྒྱ་ཆའི་ང་བརྒྱད་ཟིན།

    རེབ་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་དུ་གྲུབ་འབྲས་འགྲེམ་སྟོན་དང་གླེང་སྟེགས་བསྒྲུབས་པ། དངུལ་གཏོང་ཉོ་སྒྲུབ། འགྲན་སྡུར་བྱེད་སྒོ་བཅས་གཞི་གཅིག་ཏུ་སྦྲེལ་ནས། མཚོ་སྔོན་གྱི་མིང་གྲགས་ཐོན་རྫས་ཀྱི་ཤུགས་རྐྱེན་སྔར་ལས་མངོན་གསལ་སྒོས་ཇེ་མཐོར་བསྟད་ཡོད།

    རེབ་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཕྱི་འོང་ཁེ་པས་པ་ཁྲི་གཅིག་ལྷག་ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་བཅུ་བདུན་ནས་ཐོན་པའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་ལས་རིགས་མཐུན་ཚོགས་བརྒྱད་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་དང་ཁྲིན་ཏུའུ་རུ་སྡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ། ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་གླིང་བཅས་ཀྱི་རྒྱལ་ཁབ་ཉེར་དྲུག ཨུ་རུ་སི་དང་ཐུར་ཁེ། པུ་ལི་ཧྲི་སོགས་ཕྱི་རྒྱལ་ཆབ་སྲིད་ལས་རིགས་ཀྱི་མགོ་ཁྲིད་པ་བདུན། ཧོས་ཕུའུ་ཀུང་ཟི་དང་ཨ་རིའི་ལོས་ཉོ་སོགས་ཕྱི་རྒྱལ་གྱི་ཁེ་ལས་པ་དང་གླེང་སྟེགས་ཆེད་ཞུས་སྐུ་མགྲོན་བརྒྱ་དང་དྲུག ཞིང་ཆེན་རིམ་པ་གཞོན་པའི་མགོ་ཁྲིད་མི་སྣ་ཉི་ཤུ འཛམ་གླིང་གི་ཁེ་ལས་ཆེ་ཁག་ལྔ་བརྒྱ་ནས་ཐོན་པའི་ཁེ་ལས་སྡེ་ཁག་ཉེར་བརྒྱད། རྒྱལ་ནང་གི་ཁེ་ལས་ཆེ་ཁག་ལྔ་བརྒྱ་ནས་ཐོན་པའི་ཁེ་ལས་སྡེ་ཁག་ང་གསུམ། ཀྲུང་དབྱང་ཁེ་ལས་སུམ་ཅུ་བཅས་ཞུགས་ཡོད་པར་མ་ཟད། ཁྱོན་བསྡོམས་རེབ་འདིའི་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་པའི་ཁེ་ལས་སྡེ་ཁག་སུམ་སྟོང་བརྒྱད་བརྒྱ་དང་མི་བདུན་སྟོང་སུམ་བརྒྱ་ལྷག་ལ་བསླེབས་ཡོད། དེ་མིན་ད་དུང་འགྲེམ་སྟོན་བར་གླགས་སུ། མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སྣེ་ལེན་ཁང་གིས་སྤྱི་ཚོགས་ལས་རིགས་ཁྱབ་ཁོངས་སོ་སོའི་མི་སྣ་འབུམ་གཉིས་ལྷག་ལ་སྣེ་ལེན་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག