མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གཙོ་གནད་ཚོང་འགུག་དངུལ་འདྲེན་ལས་གཞི་ལ་གཅིག་བསྡུས་ཀྱིས་གན་རྒྱ་བཞག་པ་དང་ལས་གཞི49ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར692ཀྱི་གན་རྒྱ་བཞག

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-13 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན་གྱི་སྔ་དྲོར། 2014ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཙོ་གནད་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི49ལ་གཅིག་བསྡུས་ཀྱིས་གན་རྒྱ་བཞག་པ་དང་། ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར692ལ་སླེབས་ཤིང་། དེས་ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གན་རྒྱ་བཞག་པའི་སྤྱིའི་མ་དངུལ་གྱི40%ཟིན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་དང་། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མ་ཝེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲི་ཝེ་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།

མཚམས་སྦྱོར་བྱས་ལྟར་ན། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཙོ་གནད་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་ནི་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྒྲིག་ཆས་གསར་བཟོ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་སྨན་རྫས། ཁྲལ་བསྡུ་ཟོང་འདྲེན། རིག་གནས་གནས་སྐོར། ཆ་འཕྲིན་བཟོ་སྐྲུན་དང་ཆ་འཕྲིན་འཛད་སྤྱོད་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དག་ལ་ཁྱབ་ཡོད་པ་དང་། རྨང་གཞི་སྒྲིག་ཆས་དང་རྫས་འགྱུར་བཟོ་ལས། ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བ། ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་འཁོར་རྒྱུག་བེད་སྤྱོད་སོགས་ཀྱི་ལས་རིགས་དག་ཚུད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག