མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གིས་ལོ་གསུམ་རིང་དབུལ་ཕོངས་མང་ཚོགས་མི་ཁྲི2.2ལ་རོགས་སྐྱོར་བྱས་ཏེ་དབུལ་ཐར་བྱུང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-13 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞོན་ཧྭ་རྫོང་ནི་རྒྱལ་ཡོངས་ཀྱི་ཟ་ལར་རིགས་ཀྱི་རང་སྐྱོང་རྫོང་གཅིག་པུ་ཡིན་ལ། མངའ་ཁོངས་སུ་ཤང6དང་གྲོང་རྡལ3། སྡེ་བ154ཡོད་པ་དང་སྤྱིའི་མི་གྲངས་ཁྲི12.5ཡོད། རྒྱལ་ཁབ་ཀྱི་དབུལ་ཕོངས་ཚད་གཞི་གསར་བར་གཞིགས་ན། རྫོང་ཡོངས་སུ་དབུལ་ཕོངས་ཁྱིམ་ཚང་ཁྲི2.3དང་དབུལ་ཕོངས་མི་གྲངས་ཁྲི8.3ཡོད་ལ། དབུལ་ཕོངས་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི64%ཟིན་ཡོད། ཞོན་ཧྭ་རྫོང་གི་ས་ཁུལ་ཕལ་ཆེ་བ་ནི་ཆུ་མ་ས་ཁུལ་ཡིན་པས་རང་བྱུང་གནོད་སྐྱོན་ཐེབས་གྲངས་མང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་ལ། ཞིང་བའི་ཡོང་སྒོ་ཐབས་ལྟོས་བཅས་ཀྱིས་སྣ་གཅིག་ཡིན་པས། རྒྱུ་རྐྱེན་འདི་དག་གིས་ཞོན་ཧྭ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གེགས་རྒྱ་ཐེབས་ཡོད།

ཉེ་བའི་ལོ་འགའི་རིང་། ཞོན་ཧྭ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། དབུལ་སྐྱོར་གསར་སྤེལ་བྱ་བ་དེ་མང་ཚོགས་ཀྱི་ཡོང་སྒོ་གོང་དུ་སྤེལ་བ་དང་ཐོན་ལས་ལེགས་ཆ་འཛུགས་པ། འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་གལ་ཆེའི་བཟོ་འགོད་ཞིག་ཏུ་བརྩིས་ནས་གཙིགས་འཛིན་བྱས། 2011ལོ་ནས2013ལོའི་བར་དུ། ཞོན་ཧྭ་རྫོང་གིས་དབུལ་སྐྱོར་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར1.24བརྩོན་ལེན་བྱས་ཏེ་སྡེ་བ་ཧྲིལ་བོར་སྐུལ་འདེད་དང་ཡུལ་བབ་དང་བསྟུན་ནས་གནས་སྤོར་བ། ཐོན་ལས་དབུལ་སྐྱོར། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་གསོ་སྦྱོང་། ཀྲུང་གོ་དང་འཇར་མན་གྱི་ནོར་སྲིད་མཉམ་ལས། སྤྱི་ཚོགས་རོགས་སྐྱོར་སོགས་དབུལ་སྐྱོར་ལས་གཞི་དང་དམངས་ཕྱུགས་བྱེད་ཐབས་གསར་བ་རེ་རེར་བརྟེན་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་གྱི་འདོད་བློ་དང་སེམས་ཤུགས་ཇེ་ཆེར་བཏང་ཡོད།

ལོ་གསུམ་གྱི་དབུལ་སྐྱོར་གྱིས་ཞོན་ཧྭ་རྫོང་གི་དབུལ་ཕོངས་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ2010ལོའི་སྒོར1223ནས2013ལོའི་སྒོར1766ལ་ཇེ་མང་དུ་བཏང་བ་དང44%འཕར་ཡོད། ལོ་གསུམ་གྱི་རིང་དབུལ་ཕོངས་མི་གྲངས་ཁྲི2.2དབུལ་ཐར་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག