མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧི་རྫོང་གིས“ཁྲིམས་སྐྱོང་མཚོ་ལྷོ་དང་ཐུན་མོང་གིས་འཆམ་མཐུན་སྐྲུན་པའི”མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-13 11:00

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་མི་དམངས་ཁྲིམས་ཁང་གིས་ཧུར་བརྩོན་གྱིས་མཚོ་ལྷོ་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་དང་ཁུལ་ཏང་ཨུ་དྲིལ་སྒྲོག་པུའུ་སོགས་པུའུ་ཨུ་བརྒྱད་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“ཁྲིམས་སྐྱོང་མཚོ་ལྷོ་དང་ཐུན་མོང་གིས་འཆམ་མཐུན་སྐྲུན་པ”བརྗོད་དོན་ཡིན་པའི་ཁྲིམས་སྐྱོང་དྲིལ་སྒྲོག་དང“དཔལ་ཡོན་མཚོ་ལྷོ་དང་འཆམ་མཐུན་མཚོ་ལྷོའི”མང་ཚོགས་རང་བཞིན་གྱི་བསམ་བློ་དྲིལ་སྒྲོག་སློབ་གསོ་བྱ་འགུལ་ལ་ཞུགས།   

    ཐེངས་འདིའི་བྱ་འགུལ་སྟེང་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་དང་མཉམ་འབྲེལ་བྱས་ཏེ། འདྲི་རྟོག་སྟེགས་བུ་འཛུགས་པ་དང་དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་རྣམ་པ་བརྒྱུད་དེ་སྤྱི་ཚོགས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་སུ་བཏང་ནས་མང་ཚོགས་ཀྱིས་ཁྲིམས་ལུགས་སྤྱད་དེ་རང་ཉིད་སྲུང་སྐྱོབ་བྱེད་ཤེས་པ་དང་། ཐེངས་འདིའི་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་བརྒྱུད་ཁྲིམས་སྐྱོང་གུང་ཧི་དང་འཆམ་མཐུན་གུང་ཧི་འཛུགས་པའི་གོམ་སྟབས་ལ་སྐུལ་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་དགོངས་དོན་དར་སྤེལ་དུ་བཏང་ནས་རང་འགུལ་གྱིས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག