མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་བོད་རིགས་དང་ཆཱང་རིགས། དབྱིས་རིགས་རིག་གནས་ཐོན་ལས་བར་ཁྱམས་མཚོ་སྔོན་ས་ཁུལ་གྱི་ལས་གཞི་མཚམས་སྦྱོར་གྲོས་ཚོགས་ཟི་ལིང་ནས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བོད་རིགས་དང་ཆཱང་རིགས། དབྱིས་རིགས་རིག་གནས་ཐོན་ལས་བར་ཁྱམས་མཚོ་སྔོན་ས་ཁུལ་གྱི་ལས་གཞིའི་མཚམས་སྦྱོར་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་རིག་གནས་པུའུ་རིག་གནས་ཐོན་ལས་སིའི་སི་ཀྲང་སུང་རའོ་ཧྥིན་སོགས་མགོ་ཁྲིད་མཚམས་སྦྱོར་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱི་ཐིན་ཀྲང་ཚའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ད་ལོའི་ཟླ་གསུམ་པར། རིག་གནས་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱི་མཉམ་འབྲེལ་སྒོས་རང་རྒྱལ་གྱི་ཐོག་མའི་ཁྱབ་ཁོངས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་དེ། «བོད་ཆཱང་དབྱིས་གསུམ་མི་རིགས་རིག་གནས་ཐོན་ལས་བར་ཁྱམས་ཀྱི་སྤྱི་ཁོག་གི་འཆར་འགོད»ཁྱབ་བསྒྲགས་བྱས་ནས། སི་ཁྲོན་དང་ཀོས་ཀྲིག ཡུན་ནན། བོད་ལྗོངས། ཧྲན་ཞི། ཀན་སུའུ། མཚོ་སྔོན་བཅས་ཞིང་ལྗོངས་བདུན་གྱི་འདྲེས་མཚམས་འཆར་འགོད་འཛུགས་སྐྲུན་ཁྲོད་བཞག་པ་དང་། འཆར་འགོད་ལས་གཞི་དེ་ལག་བསྟར་བཟང་བོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་དངོས་རྟོག་ཞིབ་དང་ཆེད་མཁས་པ་གདན་ཞུ་བྱས་ནས་ཡང་དང་བསྐྱར་དུ་གྲོས་བསྡུར་བྱས་པ་བརྒྱུད་དེ། «བོད་ཆཱང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་མཚོ་སྔོན་ས་ཁུལ་གྱི་འཕེལ་རྒྱས་འཆར་འགོད»སྒྲིག་བཟོ་བྱས། འཆར་འགོད་དེའི་དུས་ཆད2014ལོ་ནས་2020ལོ་བར་ཡིན་ལ། འཆར་འགོད་ཀྱི་ཁྱབ་ཁོངས་ཁྲོད་དུ་རྨ་ལྷོ་དང་མཚོ་བྱང་། མཚོ་ལྷོ། མཚོ་ནུབ། མགོ་ལོག ཡུས་ཧྲུའུ་བཅས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་ཁོངས་གཏོགས་རྫོང་སུམ་ཅུ་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ། མཚོ་ཤར་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་རྫོང་གི་རྨང་གཞིའི་ཆ་རྐྱེན་བཟང་བའི་བོད་རིགས་ཞང་ཁ་ཤས་བཅས་འདུ། རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོ་སོ་གསུམ་དང་། ཞིང་ཆེན་རིམ་པའི་ལས་གཞི་གཙོ་བོ་ཉེར་བརྒྱད་འཆར་འགོད་བྱས་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་ལྔ་ལྷག་ལ་སླེབས།

མཚམས་སྦྱོར་གྲོས་ཚོགས་སྟེང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ཁང་ཧའེ་མིན་གྱིས་རེབ་གོང་རིག་གནས་སྒྱུ་རྩལ་ཡུལ་སྐོར་རྗེས་དྲན་དངོས་རྫས་གསར་སྤེལ་དང་ཁྲི་ཀའི་རྨ་ཆུའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་རྟེན་གཞི་འཛུགས་སྐྲུན། ཝུའུ་ལན་ཁྱད་ཆོས་རིག་གནས་ཐོན་ལས་ར་བའི་འཛུགས་སྐྲུན། ཟི་ལིང་མཁར་ལྷོ་རིག་གནས་ཐོན་ལས་འདུ་འཛོམས་ཁུལ། ཧུའུ་ཀྲུའུ་ཧོར་རིགས་ན་དོན་ཁྱད་ཆོས་རིག་གནས་ཐོན་ལས་འཕེལ་རྒྱས་དཔེ་སྟོན་ལས་གཞི། ཞོན་ཧྭ་ཟ་ལར་རིགས་རིག་གནས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་སོགས་ལས་གཞི་གཙོ་བོ་བཅུ་མཚམས་སྦྱོར་བྱས།

རྨ་ལྷོ་དང་མཚོ་བྱང་། མཚོ་ལྷོ། མཚོ་ནུབ། མགོ་ལོག ཡུས་ཧྲུའུ་བཅས་ཁུལ་དྲུག་གི་སྲིད་གཞུང་གི་འགན་ཁུར་མི་སྣ་དང་། གྲོང་ཁྱེར་དང་རྫོང་ཁ་ཤས་ཀྱི་རིག་གནས་ཅུའུ་ཡི་འགན་ཁུར་མི་སྣ། རྫོང་ཁ་ཤས་རིག་གནས་གཙོ་གཉེར་མགོ་ཁྲིད་པ་དང་། ཞིང་ཆེན་ཕྱིའི་དངུལ་གཏོང་ཁེ་ལས་ཀྱི་འགན་ཁུར་མི་སྣ། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་རིག་གནས་ཁེ་ལས་ཀྱི་འགན་ཁུར་མི་སྣ་བཅས་མཚམས་སྦྱོར་གྲོས་ཚོགས་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག