མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དགའ་བདེ་རྫོང་གི་དམངས་ཕན་བྱང་བུར་ཕན་འབྲས་ཆེ།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཞིང་གསུམ་ལ་ཞབས་འདེགས་ཞུ་ཚད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་དངུལ་རྩའི་ཞབས་ཞུ་དྲ་ཚིགས་ཀྱི་ནུས་པ་ཞན་པའི་གནད་དོན་ལ་གཞིགས་ནས། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་དགའ་བདེ་རྫོང་གི་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་སྒོས་མི་དམངས་མང་ཚོགས་ལ་དམངས་ཕན་བྱང་བུ་སྟེར་བའི་བྱེད་སྒོ་དངོས་སུ་སྤེལ།

མིག་སྔའི་བར་དུ། དགའ་བདེ་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དྲུག་ཏུ་སྐུད་མེད་ཁ་པར་གྱི་ལམ་ནས་སྒོར་མོ་ཕར་བསྐུར་ཚུར་ལེན་བྱས་ཆོག་པའི་དངུལ་ཁང་མ་ལག་སྒྲིག་སྦྱོར་བྱས་པར་མ་ཟད། དངུལ་ཁང་གི་བྱང་བུ་ཁ་འབྱེད་པ་དང་མ་ལག་སྒྲིག་སྦྱོར་བྱེད་པའི་ལས་ཡུལ་དངོས་སུ་མང་ཚོགས་ལ་ཁ་གསལ་ཤིང་གོ་བདེ་བའི་ངང་ནས་བྱང་བུ་བཀོད་སྤྱོད་བྱེད་ཐབས་དང་། ཁ་པར་གྱི་ལམ་ནས་སྒོར་མོ་བསྐུར་བའི་ཐབས་སོགས་གསལ་བཤད་བྱས་ཤིང་། མི་རེ་རེར་བེད་སྤྱོད་བྱེད་སྟངས་བསླབས་ནས་བྱང་ཆུབ་བར་བྱས།

སྐུད་མེད་ཁ་པར་གྱི་ལམ་ནས་སྒོར་མོ་ཕར་བསྐུར་ཚུར་ལེན་བྱས་ཆོག་པའི་དམངས་ཕན་བྱང་བུ་ལག་བསྟར་བྱས་པ་ནས་བཟུང་། དགའ་བདེ་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་ཚོང་རྒྱག་དུས་རྩིས་རྒྱག་དཀའ་བ་དང་གཞན་ལ་བསྐུར་དཀའ་བ། རང་གིས་ལེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག