མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོ་ནས་བཟུང་ན་གོར་མོས་མ་དངུལ་སྒོར་དུང་ཕྱུར29.22བཏང་ནས་ལོ་གསུམ་རིང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-12 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས2017ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར23དང་སྲིད་གཞུང་རང་གིས་ཧྲག་བསྡུ་བྱས་པའི་མ་དངུལ་སྒོར་དུང་ཕྱུར6.22བཏང་ནས་སྤྱིལ་ཁྱིམ་ཁུལ་ལ་བསྒྱུར་བཅོས་བྱེད་རྒྱུ་རེད།

ད་ལོ་ནས2017ལོའི་བར་དུ། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དངུལ་བུན་བཏང་ནས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་པ་བེད་སྤྱད་དེ། གཞིས་ཁུལ6གསར་འཛུགས་བྱས་ཏེ་འཛུགས་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི107.11དང་སྤྱིའི་འཆར་བཀོད་མ་དངུལ་སྒོར་དུང་ཕྱུར29.22བཏང་ནས་སྡོད་ཁང9628གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། དེའི་ནང་སྲིད་གཞུང་གིས་ཧྲག་བསྡུ་བྱས་པའི་མ་དངུལ་སྒོར་དུང་ཕྱུར6.22དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར23ཡོད། དེར་གནས་སྤར་ཁྱིམ་ཚང8533བཀོད་སྒྲིག་བྱས་ནས་རིགས་སོ་སོའི་སྡོད་ཁང་བཟོ་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི68.46བཤིག་སྤོར་བྱས་ལ། བཤིག་སྤོར་བྱས་པའི་སའི་རྒྱ་ཁྱོན་ལ་མུའུ3083ཡོད། སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་དང་གསར་འཛུགས་བྱེད་པ་དེས་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་པའི་དུས་མཚུངས་སུ་རྨང་གཞི་སྒྲིག་ཆས་འཐུས་ཚང་དང་ཁོངས་གཏོགས་སྒྲིག་ཆས་ཆ་སྡེབ་བྱས་ཏེ། གཞིས་ཁུལ་སྡོད་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་བཏང་ནས་ན་གོར་མོ་གྲོང་ཁྱེར་གྱི་ཞབས་ཞུ་བྱེད་ནུས་འཐུས་ཚང་དང་མང་ཚོགས་ཀྱི་ཡིད་ཚིམ་ཚད་ཇེ་མཐོར་གཏོང་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག