མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་མི་ཁྲི42ལྷག་ལ་གནོད་སྐྱོན་ཐེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-12 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་སྔ་རྗེས་སུ་ཐན་སྐྱོན་དང་གངས་སྐྱོན། འཁྱག་གྲང་། ཆུ་ལོག སེར་བ། ས་འགུལ་སོགས་རང་བྱུང་གནོད་སྐྱོན་བྱུང་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་དཀའ་ངལ་ཆེན་པོ་བཟོས།

བསྡོམས་རྩིས་བྱས་པ་ལྟར་ན། ཟླ6པའི་ཚེས6ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར8དང་ཁུལ19། ཤང་གྲོང59ཡི་མང་ཚོགས་མི་ཁྲི42.58ལ་གནོད་སྐྱོན་ཐེབས་ལ། གནོད་སྐྱོན་ལས་མི1ཤི་བ་དང་མི9བྲེལ་མྱུར་སྒོས་གནས་སྤོར་བཀོད་སྒྲིག་བྱས། ཞིང་ལས་ལོ་ཏོག་སྤྱི་ཆིང་སྟོང41.93ལ་གནོད་སྐྱོན་བཟོས་པ་དང་དེའི་ནང་སྤྱི་ཆིང་སྟོང0.47ནང་ལོ་ཏོག་བསྡུ་རྒྱུ་མེད་པར་བཟོས། རྩྭ་ས་སྤྱི་ཆིང་སྟོང0.68ལ་གནོད་སྐྱོན་ཐེབས་པ་དང་ཕྱུགས་རིགས76དང་ལུག575ཤི། ཁང་བ་གྱན177རྡིབ་པ་དང་ཁང་བ་གྱན35ལ་གཏོར་བརླག་བཟོས་ཡོད་པས། ཐད་ཀར་དུ་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར2.99བཟོས། ལྷག་པར་དུ་ཟླ6པའི་ཚེས1ཉིན་གྱི་ཚུན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་དང་མིན་ཧི་རྫོང་། ཧུའུ་ཀྲུའུ་རྫོང་། དཔའ་ལུང་རྫོང་བཅས་ལ་སེར་བའི་གནོད་སྐྱོན་ཐེབས་པས། གནོད་ཐེབས་མང་ཚོགས་མང་བ་དང་གནོད་ཐེབས་ཞིང་སའི་རྒྱ་ཁྱོན་ཆེ་ལ། གྱོང་གུད་ཚབས་ཆེན་བཟོས།

གནོད་སྐྱོན་གནས་ཚུལ་ལ་གཞིགས་ཏེ། ཞིང་ཆེན་དམངས་སྲིད་ཐིན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱས། ཕྱོགས་གཅིག་ནས་བྱ་བའི་ཚན་ཆུང་མངགས་ཏེ་གནོད་ཐེབས་ས་ཁུལ་དུ་ཡུལ་དངོས་གནོད་ཐེབས་གནས་ཚུལ་ལ་གཞིགས་ནས་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས་ཤིང་། དུས་མཚུངས་སུ་རྒྱལ་ཁབ་རང་བྱུང་གནོད་སྐྱོན་གནོད་ཐེབས་གནས་ཚུལ་གྱི་དོ་དམ་མ་ལག་བརྒྱུད་ནས་དམངས་སྲིད་པུའུ་ལ་གནོད་ཐེབས་གནས་ཚུལ་སྙན་ཞུ་བྱས་པ་མ་ཟད། རྒུད་སྐྱོབ་མ་དངུལ་སྒོར་ཁྲི1400དང་རིན་གོང་སྒོར་ཁྲི6300ཡི་ཕྱེ་སྤྱི་རྒྱ་ཁྲི1650.44དང་འབྲས་སྤྱི་རྒྱ་ཁྲི224.89བྱིན་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་བྱས་པ་དང་། རིན་གོང་སྒོར་ཁྲི3000ཡི་རས་གུར་དང་ཆུ་ཟོམ་སོགས་འཚོ་བའི་རིགས་ཀྱི་རྒུད་སྐྱོབ་དངོས་ཟོག་ཉོ་སྒྲུབ་གསོག་ཉར་བྱས་ཏེ། རང་སྐྱོང་ཁུལ6གི་ཁུལ་རིམ་པའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་དུ་རིན་གོང་སྒོར་ཁྲི1347ཡི་རས་གུར་དང་མལ་ཐུབ། གྱོན་ཆས་སོགས་རྒུད་སྐྱོབ་དངོས་ཟོག་གསོག་ཉར་ནས་གནོད་སྐྱོན་བྱུང་སྐབས་དུས་ལྟར་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་པར་གྲ་སྒྲིག་བྱས།

མིག་སྔར། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱས་ཏེ་མང་ཚོགས་ཀྱི་སེམས་ཁམས་ལྷོད་ལ་བབས་ནས་སྤྱི་ཚོགས་སྒྲིག་ལམ་ཡག་པོ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག