མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ནུས་ཁུངས་གསར་བ་ལིས་ཐོན་ལས་ཀྱི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་གྱི་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རྒྱབ་སྐྱོར་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2014ལོའི་ཚོང་གཏམ་གྲོས་ཚོགས་དང་སྐབས་དང་པོའི་མཚོ་སྔོན་པོར་སྐོར་བ་བྱེད་པའི་གློག་སྒུལ་རླངས་འཁོར་འགྲན་རྩོད་འགྲན་བསྡུར་གྱི་བྱ་འགུལ་གཙོ་བོའི་གྲས་ཀྱི་གཅིག་སྟེ། མཚོ་སྔོན་ནུས་ཁུངས་གསར་བ་ལིས་ཐོན་ལས་ཀྱི་འཕེལ་རྒྱས་མཐོ་རིམ་གླེངས་སྟེགས་ཟླ་དྲུག་པའི་ཚེས་བཅུ་ཉིན་མཚོ་སྔོན་ཚོགས་འདུ་ལྟེ་གནས་ནས་ཚོགས། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ལིས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ཆེད་མཁས་པས། རང་ཉིད་ཀྱི་ཆེད་ལས་ཞིབ་འཇུག་དང་ཟུང་འབྲེལ་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་པའི་གཏམ་བཤད་སྤེལ།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ། ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་གོ་པིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་བཅས་གླེང་སྟེགས་ལ་ཞུགས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་པུའུ་ཨུ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་མགོ་ཁྲིད་པ་དང་ཁེ་ལས་ཀྱི་འགན་ཁུར་མི་སྣ། ཀྲུང་གོ་རླངས་འཁོར་ལག་རྩལ་མཐུན་ཚོགས་གློག་གཡིས་འབྲེལ་འདྲིས་ཚོགས་པ་དང་དེའི་ཁོངས་གཏོགས་ལས་ཁུངས། ཕྱི་རྒྱལ་གྱི་ཚོང་བ་དང་གྲོགས་པོ། མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས། དངུལ་རྩའི་ལས་ཁུངས། ཚན་རིག་ཞིབ་འཇུག་གླིང་། ཁེ་ལས། སློབ་ཆེན་དང་ཆེད་སྦྱོང་སློབ་གྲྭ གསར་འགྱུར་སྨྱན་བྱད་སོགས་ལས་ཁུངས་ཀྱི་འཐུས་མི་གཏམ་བཤད་ལ་ཉན་པ་དང་། ཞིན་གོ་པིན་གྱིས་གླེང་སྟེགས་ལ་མགོ་འཛིན་བྱས།

ཐེངས་འདིའི་གླེང་སྟེགས་ཀྱིས་ལྷད་མེད་དག་གཙང་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནང་དོན་གཙོ་བོར་བྱེད་པ་དང་། འཛམ་གླིང་ཅན་དེ་ཚྭ་མཚོའི་ལིས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་དང་བཀོལ་སྤྱོད། ལིས་གློག་གཡིས་ལག་རྩལ། གློག་སྒུལ་རླངས་འཁོར། ཉི་འོད་ནུས་པའི་གློག་འདོན་ས་ཚིགས། ནུས་ཁུངས་གསོག་འཇོག་གི་བཀོལ་སྤྱོད་མ་ལག་སོགས་དང་མཐུན་པར་བྱེད་པའི་ཁྱབ་ཁོངས་ནས། ཞིབ་བསྡུར་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་ལིས་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱེད་པ་དང་། ལིས་ཀྱི་མུ་འབྲེལ་ཐོན་ལས་གསར་སྐྲུན་བྱེད་པ། མཚོ་སྔོན་གྱི་ནུས་ཁུངས་གསར་བ་ལིས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག