མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོང་གཏམ་གྲོས་ཚོགས་ཀྱིས་ཚོང་འགུག་དངུལ་འདྲེན་ལས་གཞིའི་ཁེ་ལས་གཙོ་བོའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ཚོང་འགུག་དངུལ་འདྲེན་ལས་གཞིའི་ཁེ་ལས་གཙོ་བོའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། མཱ་ཧྲུན་ཆིན་གྱིན་གྱིས་ཚོགས་འདུར་མགོ་འཛིན་བྱས་ལ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཞེ་ལྔའི་འཐུས་མི་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཧའོ་ཕིན་གྱིས་མཚོ་སྔོན་གྱི་གནས་ཚུལ་དང་ཁྱད་ཆོས། ལྷག་པར་དུ་མཚོ་སྔོན་གྱི་ཞིབ་བསྡུར་དགེ་མཚན་དང་གོ་སྐབས་བཟང་བོ་ཐད་ནས་མཚམས་སྦྱོར་ཞིབ་མོ་བྱས། ཁོས་བསྟན་དོན། ལོ་མང་པོའི་རིང་གི་གསར་སྤེལ་འཛུགས་སྐྲུན་བརྒྱུད་ནས། མཚོ་སྔོན་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་། ཐོན་ལས་ཀྱི་རྣམ་པ་མགྱོགས་མྱུར་ངང་བསྒྱུར་བ། དམངས་འཚོ་མགྱོགས་མྱུར་ངང་ལེགས་བསྒྱུར་བྱེད་པའི་དུས་མཚམས་གསར་བར་སླེབས་ཡོད་པས། ང་ཚོས་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ། ཧུར་ཐག་གིས་ཁུལ་གསུམ་གསར་སྐྲུན་བྱེད་པ། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་དང་དམ་དུ་དམིགས་ནས། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བརྗོད་སྙིང་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་གསར་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་དུས་རིམ་སོ་སོར་ཁྱབ་པར་བྱས་ནས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་བསྒྱུར་བཟང་བོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་མ་ལག སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ། དཔལ་འབྱོར་གྱི་རྒྱུ་སྤུས་ཇེ་མཐོ་དང་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་ཉམས་ཞན་དང་ཐོན་ཁུངས་མོད་པའི་ས་ཁུལ་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་ཞིག་གཏོད་དགོས་ཟེར།

ཧའོ་ཕིན་གྱིས་བཤད་རྒྱུར། ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ན། ད་གཟོད་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་ཐུབ་པས། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་རིགས་མི་འདྲ་བའི་ཚོང་ར་གཙོ་བོ་སྣ་ཚོགས་འགྲན་བསྡུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད། གྲོང་གསེབ་ཀྱི་རྨང་གཞི་སྒྲིག་ཆས་སོགས་ཀྱི་འདེགས་སྐྱོར་ནུས་པ་ཇེ་མཐོར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་དངུལ་གཏོང་མཁན་ཡིད་འགུལ་བའི་སྲིད་ཇུས་ཁོར་ཡུག་དང་། སེམས་བདེ་བའི་ཁྲིམས་འཛིན་ཁོར་ཡུག ཡིད་གཏད་ཆོག་པའི་སྒྲིག་སྲོལ་ཁོར་ཡུག བག་ཕེབས་པའི་འཚོ་བའི་ཁོར་ཡུག་བཅས་གསར་སྐྲུན་བྱེད་པ་དང་། རྣམ་པ་མི་འདྲ་བ་དང་ཁྱབ་ཁོངས་རྒྱ་ཆེ་བའི་མཉམ་ལས་སྤེལ་ནས། དགེ་མཚན་ཁ་གསབ་དང་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། ཁོས་ད་དུང་། ཁེ་ལས་ཐད་ཕན་མཐོ་སྤུས་བཟང་གི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ནི་སྲིད་གཞུང་གི་འགན་ཁུར་ཡིན་པས། ང་ཚོས་ཁེ་ལས་ཀྱི་ཚོང་ར་རྒྱ་བསྐྱེད་པ་དང་སྤྱི་བའི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་སོགས་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། མཐོ་རིམ་སློབ་ཆེན་དང་ལས་རིགས་སློབ་གྲྭ ཁེ་ལས་ཕན་ཚུན་བར་གྱི་ཕན་ཡོད་སྦྲེལ་མཐུད་ལ་སྐུལ་འདེད་བྱས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། སྲིད་ཇུས་དང་དམ་བཅའ་སྣ་ཚོགས་དངོས་འབེབས་བྱེད་པ། རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག