མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧོས་ཉིན་གྱིས་ཟི་ལིང་ནས་བློ་བཟང་རྒྱལ་མཚན་སོགས་ལ་ཐུགས་འཕྲད་བྱས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་ཟི་ལིང་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུགས་འཕྲད་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་ཐུགས་འཕྲད་བྱེད་པའི་མཛད་སྒོར་ཞུགས།

ཐུགས་འཕྲད་བྱེད་སྐབས་ལའོ་ཧོས་ཉིན་གྱིས་བློ་བཟང་རྒྱལ་མཚན་སོགས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པར་ལྷག་བསམ་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་པོར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས། ལའོ་ཧོས་ཉིན་གྱིས་བཤད་རྒྱུར། མཚོ་སྔོན་དང་བོད་ལྗོངས་གཉིས་ས་གཤིས་གཞི་གཅིག་ཏུ་འབྲེལ་བ་དང་མི་གཤིས་གཅིག་མཚུངས་ཡིན་པ། འབྲེལ་འདྲིས་ཀྱི་དུས་ཡུན་རིང་བ་ཡིན་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐབས་ཇུས་ལག་བསྟར་བྱས་པ་ནས་བཟུང་། སྔར་ལས་ལྷག་པའི་སྒོ་ནས་གཞུང་ལམ་དང་ལྕགས་ལམ། མཁའ་ལམ། གློག་དྲ་སོགས་ཕྱོགས་ནས་ཡོངས་ཁྱབ་ཏུ་མཉམ་སྦྲེལ་བྱས་པས། ཞིང་ལྗོངས་གཉིས་ཀྱི་འབྲེལ་འདྲེས་ཇེ་ཟབ་ཏུ་སོང་སྟེ། བརྗེ་རེས་དང་མཉམ་ལས་ཀྱི་བྱ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས། ཞིང་ལྗོངས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ན་གོར་མོའི“མཚོ་བོད་བཟོ་ལས་གླིང”ནན་ཏན་སྒོས་འཛུགས་སྐྲུན་བྱེད་པ་དར་སྤེལ་དུ་བཏང་པ་དང། ང་ཚོས་མུ་མཐུད་དུ“མཚོ་བོད་བཟོ་ལས་གླིང”འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། ལའོ་ཧོས་ཉིན་གྱིས་ཕྱོགས་གཉིས་ཀྱིས་སྔར་ལས་བཟང་བོའི་སྒོ་ནས་ཉོ་ཚོང་དང་རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཡར་སྐུལ་བྱས་ནས་ཁྱད་སྟོབས་ཀྱིས་ཕན་ཚུན་ལ་རོགས་རམ་བྱས་ཏེ་མཉམ་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།

བློ་བཟང་རྒྱལ་མཚན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བར་མཚོ་སྔོན་གྱིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་མཚོ་སྔོན་གྱི“ཁུལ་གསུམ”འཛུགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཧ་ཅང་མཐོང་ཆེན་བྱས། ཁོས་བཤད་རྒྱུར། “མཚོ་བོད་བཟོ་ལས་གླིང”འཛུགས་སྐྲུན་བྱེད་པ་དེ་ཞིང་ལྗོངས་གཉིས་ཀྱིས་རང་སྟེང་གི་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་པས། དེས་ཕྱོགས་གཉིས་ཀྱི་བར་ལ་འཕེལ་རྒྱས་ཀྱི་སྟེགས་བུ་དང་ཟམ་པ་ཞིག་སྐྲུན་པ་རེད། བོད་ལྗོངས་ཕྱོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་ལས་གཞིའི་བྱ་བ་ལེགས་པར་བསྒྲུབ་པ་དང་མཉམ་དུ་བཀོད་པའི་གྲོས་མཐུན་དངོས་འབེབས་བཟང་བོ་བྱས་ཏེ་མཚོ་སྔོན་དང་མཉམ་དུ་མགྱོགས་མྱུར་ངང་གླིང་ཁུལ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག