མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས་ལ་བྱ་དགའ་ཆེན་མོ་ཐོབ།

    2014-06-11 16:54

                  གློག་བརྙན་གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་ཀྱི་དྲིལ་བསྒྲོགས་པར་རིས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོའི་ཁྲུང་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་།བོད་རིགས་ སློབ་མ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ལ། དཔྱད་འདེམས་ཚོགས་པའི་བྱ་དགའ་ ཆེན་པོ་དང་།   ཕུལ་བྱུང་གློག་བརྙན་གྱི་མཚན་སྙན་བྱ་དགའ་ཐོབ་པ།འདི་ནི་ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་གནངས་པའི་ཆེས་མཐོ་བའི་བྱ་དགའ་རེད།

ཁོ་མོའི་གློག་བརྙན་འདིའི་བརྗོད་བྱ་དང་། བློ་ཡུལ་འདས་པའི་གཏམ་རྒྱུད་ཀྱི་ བྱུང་རིམ་ཐད་་ལ་འབྲེལ་ཡོད་དཔྱད་འདེམས་པའི་གདེངས་མཇོག་ཚད་མཐོན་པོ་བྱས།

བདུད་རྩི་སྐྱིད་ནི་ཕ་ཡུལ་མཚོ་སྔོན་མང་རྫོང་ནས་ཡིན་ཞིང་། ཏ་ལྟ་པེ་ཅིན་མི་ རིགས་སློབ་ཆེན་གློག་བརྙན་སྒྱུ་རྩལ་་སྡེ་ཁག་དུ་གློག་བརྙན་འཁྲབ་ཁྲིད་པའི་ཆེད་ལས་སྦྱང་ ཚན་སྦྱོང་བཞིན་ཡོད་ལ། རྒྱུས་ལོན་བྱས་པ་ལྟར་ན་ཁོ་མོ་ནི་བོད་ནང་དུ་གློག་བརྙན་འཁྲབ་ ཁྲིད་པའི་ཆེད་ལས་སྦྱོང་བཞིན་ཡོད་པའི་སྐྱེས་མའི་འཁྲབ་ཁྲིད་པ་ཐོག་མ་ཡིན་ལ།གློག་བརྙན་བྱ་དགའ་ཐོབ་པའི་བོད་རིགས་སྐྱེས་མའི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མའི་གྲས་ཀྱང་རེད་འདུག

                       བྱ་དགའ་ཐོབ་མཁན་གྱི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད།

                              ཚོགས་རའི་ཟུར་ཅིག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག