མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ལག་བཟོས་ཐོན་རྫས་འཕེལ་རྒྱས་ཐད་ཀྱི་ཞིབ་བསྡུར་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཞིང་ཆེན་ལག་བཟོས་ཐོན་རྫས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མི་རིགས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ། མཚོ་སྔོན་ཁུ་ནུ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་བཅས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་མཚོ་སྔོན་ལག་བཟོས་ཐོན་རྫས་འཕེལ་རྒྱས་ཞིབ་བསྡུར་གྲོས་ཚོགས་མཁར་ནུབ་ཁུལ་རིག་གནས་སྒྱུ་རྩལ་ལྟེ་གནས་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་སོགས་མགོ་ཁྲིད་དང་ཆེད་མཁས་པ་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཚོགས་ཞུགས་ཆེད་མཁས་པས་སྲོལ་རྒྱུན་གྱི་ལག་བཟོས་ཐོན་རྫས་རྒྱུད་འཛིན་དང་སྔོག་འདོན། གསར་སྤེལ་སྔར་ལས་བཟང་བོ་བྱེད་པའི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་བཏོན། ཆེད་མཁས་པ་ཚོས་བསྟན་དོན། མི་མང་པོའི་མཐོ་སྒང་གི་ལག་བཟོས་ཐོན་རྫས་ལ་རྒྱུས་ལོན་དང་། མི་ཡོངས་ཀྱི་བསམ་པའི་རིག་གནས་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་འདོད་ན། ངེས་པར་དུ་སྲོལ་རྒྱུན་ལག་བཟོས་ཐོན་རྫས་ལ་སྔོག་འདོན་གང་ལེགས་དང་། ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱས་ནས། མུ་མཐུད་དུ་ལག་བཟོས་ཐོན་རྫས་ཀྱི་འཕེལ་རྒྱས་ལམ་བུ་རྒྱ་བསྐྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག