མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་། ཐེ་ཝན་ཐེ་ཀྲུང་སྤྱིའི་བཟོ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དང་ཐེ་ཝན་གྱི་ཚོགས་ཆེན་གཉིས་དང་། ས་ཆ་གཉིས་ཀྱི་ལས་བཟོ་བའི་བརྗེ་རེས་མཉམ་ལས་ནང་རྐྱེན་བྱ་བར་ཤུགས་སྣོན་ཆེད། ཚེས་ལྔ་ཉིན་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་། ཐེ་ཝན་ཐེ་ཀྲུང་སྤྱིའི་བཟོ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

བཞུགས་མོལ་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཐེ་ཝན་ཐེ་ཀྲུང་སྤྱིའི་བཟོ་ཚོགས་ཀྱི་ལས་འཛིན་པ་ཝང་མེན་ཞིན་དང་། རྒྱུན་ལས་ལས་འཛིན་ལིག་ཀྲིན་མེན། དྲུང་ཡིག་ཆེན་མོ་ལིན་ཅེ་ཧོང་བཅས་ཀྱིས་འབྲེལ་ཡོད་ཞིབ་འཇུག་བྱ་གཞིར་ཞིབ་བསྡུར་དང་བརྗེ་རེས་བྱས་པར་མ་ཟད། མཉམ་དུ་ཚོགས་ཆེན་གཉིས་ཀྱི་བརྗེ་རེས་མཉམ་ལས་གྲོས་མཐུན་བཀོད།

གྲོས་མཐུན་ནང་དུ་བསྟན་དོན། ཕྱོགས་གཉིས་ཀྱིས་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་གཏོང་བ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མི་རིགས་དྲང་བདེན་སྲུང་སྐྱོབ་བྱེད་པའི་ཚད་མཐོན་པོ་ནས། ཤུགས་ཆེན་པོས་བརྗེ་རེས་མཉམ་ལས་ནང་རྐྱེན་འཛུགས་པ་དང་། ཇེ་བརྟན། འཐུས་ཚང་དུ་གཏོང་དགོས་པ་དང་། ལས་བཟོ་བ་དང་འབྲེལ་གཏུག་དམ་པོ་བྱེད་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འགྲམ་གཉིས་ཀྱི་འབྲེལ་བ་ཡར་སྐུལ་བྱེད་པ་དང་། འགྲམ་གཉིས་ཀྱི་ལས་བཟོ་བ་ནི་ཁྱིམ་ཚང་གཅིག་ཡིན་པའི་ལྟ་བ་བཅངས་དགོས་པ་དང་། ཕྱོགས་གཉིས་ཀྱི་བརྗེ་རེས་དང་གཟིགས་སྐོར་བྱེད་པའི་ནང་རྐྱེན་བཙུགས་ནས། ལོ་རེ་རེར་ཕན་ཚུན་བརྗེ་རེས་ཐེངས་རེ་སྤེལ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག