མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གཅིག་གྱུར་མཐོ་རྒྱུགས་བདེ་བླག་ངང་མཇུག་སྒྲིལ་བ་དང་ཚེས26ཉིན་གྱི་ཡས་མས་སུ་རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-06-10 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་དང་རྒྱ་ཡིག་རྒྱུགས་ལེན་པ་མཇུག་བསྡུ་བའི་དུས་མཚུངས་སུ། 2014ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭ་དཀྱིལ་མར་སློབ་མ་བསྡུ་བའི་གཅིག་གྱུར་གྱིས་རྒྱུགས་ལེན་པ་བདེ་བླག་ངང་མཇུག་བསྒྲིལ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱུགས་ལེན་ས་ཁུལ33དང་རྒྱུགས་ལེན་ས45། རྒྱུགས་ར1281དང་ཐོ་འགོད་བྱས་པའི་སློབ་མ39753ཡོད་ལ། དངོས་སུ་སྤྱིར་བཏང་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ36122ཡོད། ཉིན་གསུམ་གྱི་རྒྱུགས་བླངས་པའི་ཁྲོད། ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་ས་སོ་སོའི་རྩ་འཛུགས་གོ་རིམ་ལྡན་པ་དང་རྒྱུགས་ལེན་བྱ་བ་བདེ་བླག་ཡིན། མིག་སྔར། མཐོ་རྒྱུགས་ཀྱི་ལན་འདེབས་བྱང་བུ་ལ་དྲ་ཐོག་ནས་ལྟ་བཤེར་བྱེད་བཞིན་ཡོད་པ་དང་། ཚེས10ཉིན་ནས་བཟུང་རྒྱུགས་ཤོག་ལ་སྐར་མ་རྒྱག་རྒྱུ་རེད། ཟླ6པའི་ཚེས26ཉིན་གྱི་ཡས་མས་སུ་རྒྱུགས་འབྲས་ཁྱབ་བསྒྲགས་དང་བསྡུ་ལེན་སྐར་མའི་ཚད་ཐིག་སྐོར་ཞིག་བསྒྲགས་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཀྱི་ལན་འདེབས་བྱང་བུ་ལ་ཚེས11ཉིན་ནས་བཟུང་དྲ་ཐོག་ནས་ལྟ་བཤེར་བྱེད་རྒྱུ་ཡིན་པ་དང་། ཟླ6པའི་ཚེས7ཉིན་ནས་ཚེས21ཉིན་བར་རྒྱུགས་ཤོག་ལ་ལྟ་རྒྱུ་རེད། ཟླ6པའི་ཚེས26ཡས་མས་སུ་སློབ་མའི་རྒྱུགས་འབྲས་དང་སྐོར་སོ་སོའི་བསྡུ་ལེན་སྐར་མའི་ཚད་ཐིག་བསྒྲགས་རྒྱུ་རེད། ཕྱི་སྐད་ཁ་རྒྱུགས་ཟླ7པའི་ཚེས2ནས་ཚེས3ཉིན་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སྤེལ་རྒྱུ་ཡིན་པ་དང་། བསྡུ་ལེན་བྱ་བ་དེ་ཟླ7པའི་ཚེས10ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ་མ་ཟད། དངོས་གཞི་སྐོར་དང་པོ་དང་གཉིས་པ། གསུམ་པའི་བསྡུ་ལེན་ཁྲོད་ཡང་བསྐྱར་རེ་འདུན་བཀོད་ཆོག  ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག