མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་སྡོད་ཁང་འཛུགས་སྐྲུན་ལས་འགན་དང་མ་དངུལ་རྩིས་སྤྲོད་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-06-10 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཟླ་མཇུག་བར་དུ། མཚོ་སྔོན་གྱི་ཤང་གྲོང་འགན་སྲུང་རང་བཞིན་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་སྡོད་ཁང་། ཞིང་སྡེའི“སྡོད་ཁང་གཉིས”ཀྱི་འཛུགས་སྐྲུན་མགོ་རྩོམ་ཚད་ཚང་མ40%ཡན་ལ་སླེབས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་སྡོད་ཁང་ཐད་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར35.1323དངོས་འབེབས་བྱས་ཡོད་པ་དང་། ཞིང་སྡེའི“སྡོད་ཁང་གཉིས”ཀྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཚང་མ་ཐད་ཀར་དུ་རྫོང་རིམ་པར་རྩིས་སྤྲོད་བྱས་ཡོད་པས། མཚོ་སྔོན་གྱི་ཤང་གྲོང་སྡོད་ཁང་འཛུགས་སྐྲུན་ལས་འགན་དང་མ་དངུལ་རྩིས་སྤྲོད་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཟླ5བའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་གྱི་འགན་སྲུང་རང་བཞིན་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བྱས་པའི་སྡོད་ཁང་ཁྲི4.53ལས་མགོ་བརྩམས་ཤིང་ལས་མགོ་རྩོམ་ཚད41%ལ་སླེབས་ཡོད། དེའི་ནང་སྤྱི་བའི་གླ་གཏོང་སྡོད་ཁང4866འཛུགས་སྐྲུན་བྱས་པ་དང་། གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱས་པ་ཁྱིམ་ཚང38318། རྒྱལ་དབང་བཟོ་གཏེར་ཁུལ་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱས་པ་ཁྱིམ་ཚང2026། རྒྱལ་དབང་གསར་སྦོལ་ས་ཁུལ་གྱི་ཁང་རྙིང་བསྒྱུར་བཅོས་བྱས་པ་ཁྱིམ་ཚང80བཅས་ཡོད། མཐུད་སྐྲུན་ལས་གཞི་ཚང་མ་ཕྱོགས་ཡོངས་ནས་བསྐྱར་འཛུགས་བྱེད་མགོ་བརྩམས་པ་དང་། ས་ཁུལ་སོ་སོས་སྔ་རྗེས་སུ་ལས་མགོ་རྩོམ་པ་དང་ལེགས་འགྲུབ་བྱེད་པ། གནས་སྤོར་བཅས་ཀྱི་ལས་གཞི་མཛོད་བཙུགས་ཡོད། ཞིང་སྡེའི“སྡོད་ཁང་གཉིས”ལ་ཁྱིམ་ཚང26192ལས་མགོ་བརྩམས་པ་དང་ལས་མགོ་རྩོམ་ཚད40%ལ་སླེབས་ཡོད། ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བྱས་པ་ཁྱིམ་ཚང9974དང་ལས་མགོ་རྩོམ་ཚད39.9%ལ་སླེབས་ཤིང་། ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁྱིམ་ཚང16218དང་ལས་མགོ་རྩོམ་ཚད40.5%ལ་སླེབས་ཡོད།

མིག་སྔའི་བར་དུ། གྲོང་རྡལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་སྡོད་ཁང་ཐད་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར35.1323དངོས་འབེབས་བྱས་ཡོད་པ་དང་། དེའི་ནང་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར30.6803དང་། ཞིང་ཆེན་རིམ་པའི་ཆ་སྡེབ་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར4.452ཡོད། ཞིང་སྡེའི“སྡོད་ཁང་གཉིས”ཀྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཚང་མ་ཐད་ཀར་དུ་རྫོང་རིམ་པར་རྩིས་སྤྲོད་བྱས་ཡོད་ལ། དེའི་ནང་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཀྲུང་དབྱང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.125དང་། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.325ཡོད། སྤྱིར་བཏང་མང་ཚོགས་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ཀྲུང་དབྱང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.4དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3ཡོད། བཟོ་སྐྲུན་ནུས་གྲོན་དཔེ་སྟོན་ཁྱིམ་ཚང་གི་ཀྲུང་དབྱང་ཁ་གསབ་མ་དངུལ་སྒོར་ཁྲི2000ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག