མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚྭ་འདམ་གཞོང་གི་རིག་གནས་ཡུལ་སྐོར་ལས་གཞི་ཉེར་གཉིས་ཚོང་གཏམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-09 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚྭ་འདམ་གཞོང་གི་རིག་གནས་ཡུལ་སྐོར་ལས་གཞི་ཉེར་གཉིས་ད་ལོའི་ཚོང་གཏམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ཉེ་ལམ། མཚོ་ནུབ་ཁུལ་གྱིས་ཆེད་དོན་གྲོས་ཚོགས་བསྡུས་ནས་དེའི་ཐད་ཀྱི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ནས། ཚོང་གཏམ་གྲོས་ཚོགས་སྐབས་སུ་ཡུལ་སྐོར་ཁང་ལྔ་བཅུའི་མི་བརྒྱ་གདན་འདྲེན་བྱས་ཏེ་བརྗོད་དོན་ལ་རབ་མཛེས་མཚོ་སྔོན་མཛེས་སྡུག་གི་མཚོ་ནུབ་ཞེས་པའི་ཕུལ་དུ་བྱུང་བའི་ཚྭ་འདམ་གཞོང་གི་ཡུལ་སྐོར་ལམ་ཐིག་དང་མཛེས་ལྗོངས་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས་རྒྱུ་ཡིན་པ་མ་ཟད། རྩ་འཛུགས་བྱས་ནས་རིག་གནས་ཡུལ་སྐོར་ལས་གཞིའི་ཆིངས་ཡིག་འགོད་པའི་ཆེད་དོན་མཛད་སྒོ་བསྡུ་རྒྱུ་གཏན་ཁེལ་བྱས། མིག་སྔར། བྱ་འགུལ་ཇུས་གཞི་བཟོས་ཚར་ནས། ཏུན་ཧོང་དང་ལན་ཀྲིག ཟི་ལིང་སོགས་ས་ཁུལ་གྱི་འབྲེལ་ཡོད་གནས་སྐོར་ཁང་དང་དངུལ་གཏོང་ཚོང་བ་ཚོང་གཏམ་གྲོས་ཚོགས་ཞུགས་པའི་ཐད་ཀྱི་བྱ་བར་མཐུན་སྦྱོར་བྱེད་བཞིན་པའི་སྒང་ཡིན་ལ། དེ་དང་མཉམ་དུ། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་ས་ཡ་བརྒྱད་ཡིན་པའི་རིག་གནས་ཡུལ་སྐོར་རིགས་ཀྱི་ལས་གཞི་ཉེར་གཉིས་གདམ་ནས་མཚམས་སྦྱོར་གྲོས་ཚོགས་སྟེང་གྲོས་མཐུན་འགོད་རྒྱུ་གཏན་ཁེལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག