མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་དབྱར་རྩྭ་དགུན་འབུའི་དུས་ཆེན་སྟེང་གྲོས་མཐུན་བཀོད་པའི་མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ལས་བརྒལ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-09 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི་དབྱར་རྩྭ་དགུན་འབུའི་དུས་ཆེན་ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་ཁམས་པ་སྒྱུ་རྩལ་ལྟེ་གནས་ཟློས་གར་ཁང་ཆེན་མོ་ནས་བདེ་བླག་ངང་མཇུག་སྒྲིལ།

ཐེངས་འདིའི་དབྱར་རྩྭ་དགུན་འབུའི་དུས་ཆེན་སྟེང་། ཡུས་ཧྲུའུ་ཧྭ་ཝང་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཁྲུན་ཐེན་སྨན་བཀོལ་ཐོན་ཁུངས་ཚན་རྩལ་བདེ་སྤྱོད་ཚད་ཡོད་ཀུང་ཟི། སི་ཁྲོན་ཕིན་ཐའེ་འཛུགས་སྐྲུན་ཚད་ཡོད་འགན་ལེན་ཀུང་ཟི་སོགས་ཁེ་ལས་བདུན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་ལས་སྣོན་ཞིབ་ཕྲ་བྱེད་པ། རླངས་འཁོར་གྲོང་། གཏེར་ཆུའི་ཐོན་སྐྱེད། སྐམས་ཤ་དང་ལུག་ཤར་ལས་སྣོན་ཞིབ་ཕྲ་བྱེད་པ་སོགས་ཀྱི་ལས་གཞི་བདུན་ཐད་ཀྱི་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་བཀོད་བའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་གསུམ་ལ་སླེབས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་རྫ་སྟོད་རྫོང་ལ་སྤུས་ལེགས་དབྱར་རྩྭ་དང་དབྱར་རྩྭའི་ཕ་སའི་མཚན་སྙན་གནང་བ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཧ་ཤུལ་ཞང་དང་ནང་ཆེན་རྫོང་གི་འབྲོག་ཤོག་ཞང་སོགས་ཞང་དང་གྲོང་བརྡལ་དྲུག་ལ་དབྱར་རྩྭའི་ཐོན་ཁུངས་ས་ཁུལ་སྲུང་སྐྱོབ་དཀྱིལ་སྙིང་ས་ཁོངས་ཀྱི་མཚན་སྙན་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག