མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིག་ཀྲི་ཆང་གིས་ཚོང་གཏམ་གྲོས་ཚོགས་སྐབས་ཀྱི་མེ་འགོག་བདེ་སྲུང་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་མཁར་ལྷོ་ས་ཁུལ་གསར་བའི་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། ཚོང་གཏམ་གྲོས་ཚོགས་སྐབས་ཀྱི་མེ་འགོག་བདེ་སྲུང་བྱ་བར་རྟོག་ཞིབ་བྱས་ཏེ། ཚོང་གཏམ་གྲོས་ཚོགས་བདེ་འཇགས་དང་བདེ་བླག་ངང་ཚོགས་པར་འགན་སྲུང་བྱས།

ལིག་ཀྲི་ཆང་གིས་འགྲེམ་སྟོན་ཇུས་གཞིའི་འཆར་འགོད་དང་འགྲེམ་སྟོན་སྐབས་ཀྱི་གདན་ཞུ་བྱ་བ། འགྲེམ་སྟོན་ཚོགས་རའི་མེ་འགོག་བདེ་འཇགས་དང་སྲུང་སྐྱོབ་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད་བྱ་བའི་རེ་བ་བཏོན། ལིག་ཀྲི་ཆང་གིས་བསྟན་དོན། ད་ལོའི་ཚོང་གཏམ་གྲོས་ཚོགས་ཐད་ནས་སྐབས་དང་པོའི་མཚོ་སྔོན་པོར་སྐོར་བ་བྱེད་པའི་རྒྱལ་སྤྱིའི་གློག་རྒུལ་རླངས་འཁོར་འགྲན་རྩོད་འགྲན་བསྡུར་གསར་དུ་ཁ་སྣོན་བྱས་ཡོད་པས། ཤུགས་རྐྱེན་སྔར་ལས་ཆེ་བ་དང་ནང་དོན་སྔར་ལས་ཕུན་སུམ་ཚོགས་ལ། དེའི་ཁྲོད་ཞུགས་པའི་མི་ཡང་སྔར་ལས་ཇེ་མང་དུ་སོང་ཡོད་པའི་རྐྱེན་གྱིས། མེ་སྐྱོན་འབྱུང་ཚད་ཇེ་མང་དང་བདེ་སྲུང་བྱ་བའི་དཀའ་ཁག་ཇེ་ཆེར་སོང་ཡོད། དེར་བརྟེན་སྤྱི་བདེ་མེ་འགོག་སྡེ་ཁག་གིས་མེ་འགོག་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་པ་དང་། ཆེད་མི་མངགས་ནས་ལྟ་སྐུལ་དོ་དམ་བྱེད་དགོས་ལ། དེ་དང་མཉམ་དུ་འགྲེམ་སྟོན་ཚོགས་ར་ནང་གི་ཉེན་རྟོག་པའི་མེ་མདའ་བཟུང་ནས་ལས་སྒྲུབ་བྱེད་དགོས་ཟེར།

ལིག་ཀྲིང་ཆང་གིས་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཚོང་གཏམ་གྲོས་ཚོགས་སྐབས་ཀྱི་བདེ་སྲུང་བྱ་བའི་ཤུགས་འདོན་ས་དམ་འཛིན་བྱས་ཏེ། སྤྱི་ཚོགས་ཕྱོགས་ཀྱི་བཀག་སྡོམ་དང་གནས་གཙོ་བོའི་སྐོར་སྐྱོད་འགོག་སྲུང་། འགྲེམ་སྟོན་ཁུལ་གྱི་ཡུལ་དངོས་བདེ་འཇགས་ཞིབ་བཤེར་སོགས་ཀྱི་བྱ་བར་ཤུགས་སྣོན་དགོས་པ་དང་། སྤྱི་བདེ་མེ་འགོག་སྡེ་ཁག་གིས་ངེས་པར་དུ་ཉེན་ཁར་དག་བཅོས་བཟང་བོ་དང་བྱེད་ཐབས་ལག་བསྟར་བཟང་བོ་བྱས་ཏེ། འཕྲལ་བསྟུན་གྲ་སྒྲིག་ཇུས་གཞི་སྣ་ཚོགས་ཞིབ་ཕྲ་དང་དོན་ཐོག་ཏུ་ཁེལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཀྲི་ཆང་གིས་ད་དུང་འགྲེམ་སྟོན་ཚོགས་རའི་ནང་ལས་ཀ་བྱེད་བཞིན་པའི་སྤྱི་བདེ་དམངས་དམག་དང་མེ་འགོག་དཔོན་དམག་ལ་འཚམས་འདྲི་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག