མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་དབྱར་རྩྭ་དགུན་འབུ་དུས་ཆེན་སྟེང་ཉོ་ཚོང་གན་རྒྱ་སྒོར་དུང་ཕྱུར15ལས་བརྒལ་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-08 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི་དབྱར་རྩྭ་དགུན་འབུ་དུས་ཆེན་ཟླ6པའི་ཚེས7ཉིན་གྱི་མཚན་མོའི་དུས་ཚོད8སྟེང་ཁམས་པའི་སྒྱུ་རྩལ་ལྟེ་གནས་ཟློས་གར་གླིང་དུ་རྒྱལ་ཁའི་ངང་མཇུག་རྫོགས།

 ཐེངས་འདིའི་དུས་ཆེན་སྟེང་།  ཡུས་ཧྲུའུ་ཧྭ་ཡས་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་དཔྱིད་དཔལ་སྨན་རྫས་ཐོན་ཁུངས་ཚན་རྩལ་བེད་སྤྱོད་ཚད་ཡོད་ཀུང་ཟི།  སི་ཁྲོན་ཕུན་ཐའེ་འཛུགས་སྐྲུན་ཚད་ཡོད་འགན་ལེན་ཀུང་ཟི་སོགས་ཁེ་ལས7གྱིས་དབྱར་རྩྭ་དགུན་འབུའི་སྔོག་འདོན་དང་ལས་སྣོན། རླངས་འཁོར་གྲོང་ཁྱེར། གཏེར་ཆུའི་ཐོན་སྐྱེད། ནོར་ཤ་དང་ལུག་ཤའི་ལས་སྣོན་སོགས་རྣམ་གྲངས7ཐད་ནས་གན་རྒྱ་བཞག་པ་དང་།  གན་རྒྱ་འཇོག་ཚད་སྒོར་དུང་ཕྱུར15.3ལ་སླེབས།  དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ད་དུང་རྫ་སྟོད་རྫོང་ལ“དབྱར་རྩྭ་དགུན་འབུ་མང་ས”དང“དབྱར་རྩྭ་དགུན་འབུའི་ཕ་ས”ཞེས་པའི་མཚན་སྙན་གནང་ཞིང་། ཡུས་ཧྲུའ་གྲོང་ཁྱེར་ཧ་ཕྱུག་ཤང་དང་ནང་ཆེན་རྫོང་གི་ཤང་དང་གྲོང་རྡལ་དྲུག་ལ“དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་སྲུང་སྐྱོང་མངའ་ཁོངས”ཞེས་པའི་མཚན་སྙན་གནང་།

བྱ་དགའ་གནང་བའི་མཛད་སྒོ་བསྡུས་རྗེས། ཁམས་པའི་སྒྱུ་རྩལ་ལྟེ་གནས་ཟློས་གར་གླིང་དུ་ད་རུང་ཚངས་དབྱང་རྒྱ་མཚོ་མགུར་གླུའི་ཟློར་གར་འཁྲབ་ཞིང་། ཚོགས་ཞུགས་ལྟད་མོ་བ་དང་མགྲོན་པོ་རྣམས་ལ་རིག་རྩལ་གྱ་ནོན་པ་ཞིག་འབུལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག