མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་དང་ཞིན་ཀོ་པུན་གཉིས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-08 10:27

ཟླ་དྲུག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་དང་། ཧྲིན་ཀྲང་གཞོན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཞིན་ཀོ་པུན་གཉིས་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྔོན་འགྲོའི་བྱ་བར་བཀོད་སྒྲིག་དང་མཛུབ་སྟོན་གནང་།

ལོ་ཡུས་ལིན་དང་ཞིན་ཀོ་པུན་གཉིས་ཀྱིས་མཚམས་སྦྱོར་གནས་ཚུལ་ལ་ཞིབ་ཉན་བྱས་རྗེས། ནན་ཏན་གྱིས་ཚ་འདམ་གཞུང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་བཀྲམ་ཁུལ་དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བཀྲམ་ཁུལ་བཅས་ལ་ལྟ་ཞིབ་བྱས་པ་མ་ཟད།  གློག་སྒུལ་རླངས་འཁོར་འགྲན་བསྡུར་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་ནང་ཞུགས་པར་གདེང་འཇོག་ཆེན་པོ་བྱས།

ལོ་ཡུས་ལིན་དང་ཞིན་ཀོ་པུན་གཉིས་ཀྱིས་གྲ་སྒྲིག་བྱ་བར་ཡིད་ཚིམ་པའི་འདོད་བློ་བསྟན་རྗེས། བདེ་འཇགས་དང་ཞིབ་ཕྲའི་ལས་རིམ་སོགས་ལ་དོ་སྣང་བྱས་ཏེ། བདེ་འཇགས་ངང་ལས་སྒོ་འདི་གཉིས་སྤེལ་བར་དོ་སྣང་བྱ་དགོས་པའི་སྐོར་ནན་གྱིས་བསྟན་པ་མ་ཟད། ཆུ་དང་གློག་ཤུགས།  གཞུང་ལམ་བཅས་ནས་གནད་དོན་མི་འབྱུང་དང་བདེ་འཇགས་སྲུང་སྐྱོབ་དང་མེ་འགོག་བྱ་བ་ཐད་ནས་བླང་བྱ་བཏོན  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག