མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ས་ཁུལ་སྐོར་ཞིག་གིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་སྙན་ཞུ་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ནི་རང་རྒྱལ་གྱི་བརླན་སའི་ཞིང་ཆེན་ཨང་དང་པོ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་ཤུགས་ཆེན་པོས་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ལ། ད་ལོར་ཚོད་དཔག་ལྟར་ན་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལས་གཞི༡༠ནས༡༥སྙན་ཞུ་འབུལ་རྒྱུ་རེད།

རྒྱལ་ཡོངས་ཀྱི་ཐེངས་གཉིས་པའི་བརླན་ས་དང་བརླན་སའི་ཐོན་ཁུངས་བརྟག་བཤེར་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མངའ་ཁོངས་སུ་མཚེའུ་དང་ཆུ་བོ། ནེའུ་གསེང་དང་མིས་བཟོས་བརླན་ས་བཅས་རིགས་ཆེན་མོ4ཡི་བརླན་ས་སྣ17ཡོད་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི814.36ལ་སླེབས་ཡོད་པས་དེས་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

2005ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར75བཏང་ནས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་དང་པོ་ལག་བསྟར་བྱས་ཏེ། བརླན་ས་དེ་སྲུང་སྐྱོང་བྱེད་ཡུལ་གཙོ་བོར་བཞག་ཡོད། ན་ནིང་གི་ལོ་མཇུག་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་བཟོ་འགོད་ཀྱིས་བསྡོམས་པས་བརླན་ས་མུའུ་ཁྲི160ལ་སྲུང་སྐྱོང་བྱས་ནས་འབྲེལ་ཡོད་བཟོ་འགོད་ས་ཁུལ་གྱི་བརླན་སའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་བཏང་ཡོད།

མཚོ་སྔོན་ཞིང་ཆེན་བརླན་ས་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་མ་ཅན་ཧའེ་ཡིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་ནི་བརླན་སའི་ཞིང་ཆེན་ཨང་དང་པོ་ཡིན་ཡང་། བརླན་སར་སྲུང་སྐྱོང་བྱེད་མཁན་གྱི་ཞིང་ཆེན་ཆེན་མོ་མིན། ད་ལྟ་མཚོ་སྔོན་པོ་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་རྒྱལ་སྤྱིའི་བརླན་ས་གཙོ་བོ་གསུམ་ཡོད་པའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་འཆར་གཞི་ལྟར་ན་རྒྱལ་སྤྱིའི་བརླན་ས་གཙོ་བོ2ནས4བར་དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང10ནས15ཡི་སྙན་ཞུ་ཕུལ་ཏེ། བརླན་སའི་སྲུང་སྐྱོང་དེ་རྒྱལ་སྤྱིའི་ཅན་གྱི་མཉམ་ལས་དང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག