མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་བའི་རྒྱལ་སྤྱིའི་རྨ་ཆུ་འཕྲེད་རྐྱལ་འགྲན་བསྡུར་དེ་ཚེས་བཅུ་བཞི་ནས་ཚེས་བཅོ་ལྔ་ཉིན་བར་སྤེལ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དྲུག་ཉིན། གསར་འགོད་པས་སྐབས་བཅུ་བའི་མཚོ་སྔོན་ཁུ་ལུ་གཙང་གསུམ་འབྱུང་ཡུལ་རྟགས་མའི་རྒྱལ་སྤྱིའི་རྨ་ཆུ་འཕྲེད་རྐྱལ་འགྲན་བསྡུར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་རྨ་ཆུ་འཕྲེད་རྐྱལ་འགྲན་བསྡུར་ནི་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔའི་བར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནས་སྤེལ་རྒྱུ་ཡིན་ལ། རྒྱལ་ཁབ་བཅུ་ནས་ཐོན་པའི་འགྲན་ཞུགས་པ་ཉིས་བརྒྱ་ཞེ་བརྒྱད་ལྷག་གིས་རང་གི་རྐྱལ་རྩལ་ངོམ་རྒྱུ་རེད།

རེབ་ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུ་རྐྱལ་དོ་དམ་ལྟེ་གནས་དང་ཀྲུང་གོ་ཆུ་རྐྱལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བ་དང་། ཞོན་ཧྭ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་ཁས་ལེན་བྱས།རྨ་ཆུ་འཕྲེད་དུ་རྐྱལ་བའི་འགྲན་བསྡུར་ནི་མིག་སྔར་རང་རྒྱལ་རྨ་ཆུའི་སྟོད་རྒྱུད་ཀྱི་ས་བབ་ཆེས་མཐོ་ལ། ཆུའི་དྲོད་ཚད་ཆེས་གྲང་བ། ཆུའི་བཞུར་ཚད་ཆེས་དྲག་པ། དབྱང་དབུགས་ཆེས་དཀོན་པ་བཅས་ཀྱི་ཁྱད་ཆོས་མངའ་བའི་འཛམ་གླིང་གི་འགྲན་བསྡུར་ཆེ་གྲས་ཤིག་ཡིན། འགྲན་བསྡུར་ལས་སྒོ་འདི་ཉིད་བདེ་ལེགས་ངང་སྤེལ་ཐུབ་པ་དེས་རྒྱལ་ཡོངས་ལུས་རྩལ་གྱི་གོ་གནས་ཇེ་མཐོར་བསྟད་པ་མ་ཟད། ལུས་རྩལ་རང་ཉིད་ཀྱི་ཁྱབ་ཁོངས་ལས་བརྒལ་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བའི་རེ་འདུན་ལྟར། མི་དང་རང་བྱུང་ཁམས་ཆེན་མོ་གཉིས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ལུས་རྩལ་ཚོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་པས། དེས་ལུས་རྩལ་སྤྱོང་བརྡར་དང་རོལ་རྩེད་ཁམས་གཡེང་། མིའི་འདུ་ཤེས་སྦྱོང་བརྡར་བཅས་ཀྱི་ཐད་བྱེད་ནུས་མི་དམན་པ་འདོན་གྱིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག