མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་མཚོ་ནུབ་ཁུལ་དུ་བསྡད་ནས་གཏེར་ཁའི་ཐོན་ཁུངས་བཀོད་སྒྲིག་དང་དོ་དམ་ཐད་ནས་སྐོར་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཚན་ཆུང་དང་པོས་མཚོ་ནུབ་ཁུལ་ནས་སྐོར་ཞིབ་བྱ་བའི་སྐུལ་སློབ་ཚོགས་འདུ་བསྡུས་ནས། མཚོ་ནུབ་ཁུལ་དུ་བསྡད་ནས་དུས་ཡུན་ཟླ་གཅིག་རིང་གི་གཏེར་ཁའི་ཐོན་ཁུངས་བཀོད་སྒྲིག་དང་དོ་དམ་ཐད་ཀྱི་ཆེད་དོན་སྐོར་ཞིབ་བྱ་བ་སྤེལ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཚན་ཆུང་དང་པོའི་ཚན་གཙོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཆེད་བསྐོས་ཨུ་ཡོན་ཧི་ཧྲའོ་མིན་གྱིས་ཚོགས་ཐོག་ནས་སྐུལ་སློང་གཏམ་བཤད་སྤེལ་ནས། སྐོར་ཞིབ་ཚན་ཆུང་ལ་གཞོགས་འདེགས་བྱས་ཏེ་སྐོར་ཞིབ་བྱ་བ་བཟང་བོར་སྤེལ་བའི་ཐད་ནས་རེ་བ་གསལ་བོ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཞིན་ཀོ་པེན་གྱིས་ཚོགས་འདུར་མགོ་འཛིན་བྱས། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ནོར་ཝེ་ཞིན་གྱིས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཚན་ཆུང་དང་པོའི་ཁོངས་མི་དང་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ། ཁུལ་དམངས་འཐུས་ཚོགས་ཆེན་དང་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་གཙོ་བོ། མཚོ་ནུབ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། གྲོང་ཁྱེར་དང་རྫོང་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས།

ཧི་ཧྲའོ་མིན་གྱིས་སྐུལ་སློང་གཏམ་བཤད་ཁྲོད་ཆེད་དོན་སྐོར་ཞིབ་ལམ་ལུགས་འཛུགས་པའི་དོན་སྙིང་གལ་ཆེན་གསལ་བཤད་དང་། ཆེད་དོན་སྐོར་ཞིབ་བྱ་བའི་ནང་དོན་དང་རྣམ་པ། རྒྱུད་རིམ། འབྲེལ་ཡོད་གནས་ཚུལ་བཅས་མཚམས་སྦྱོར་ཞིབ་མོ་བྱས་པར་མ་ཟད་རེ་བ་གསལ་བོ་བཏོན། ཁོས་བསྟན་དོན། ཐེངས་འདིའི་ཆེད་དོན་སྐོར་ཞིབ་བྱ་བའི་གཙོ་གནད་ནི་མཚོ་ནུབ་ཁུལ་གཏེར་ཁའི་ཐོན་ཁུངས་བཀོད་སྒྲིག་དང་དོ་དམ་དང་། མཚོ་ནུབ་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་བཀོད་སྒྲིག་དོ་དམ་གནས་ཚུལ་དང2013ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལྡན་གྱི་སྐོར་ཞིབ་ཐད་ཀྱི་བསམ་འཆར་གྱི་དག་བཅོས་དང་ལག་བསྟར་གནས་ཚུལ་རྒྱུས་ལོན་གསལ་བོ་བྱེད་རྒྱུ་དེ་ཡིན་པས། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། གཏེར་ཁའི་ཐོན་ཁུངས་དོ་དམ་སོགས་སྡེ་ཁག་གིས་སྐོར་ཞིབ་བྱ་བར་གཞོགས་འདེགས་ནན་མོ་བྱས་ནས། བདེན་འཚོལ་དངོས་གཉེར་གྱི་སྒོ་ནས་གནས་ཚུལ་ཡར་ཞུ་དང་གནད་དོན་ཐེར་འདོན་བྱེད་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག