མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ཀྱི་དམག་ཁུངས་ནས་བུད་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་གཉིས་དང་མི་སྒེར་བཞིར་གཟེངས་བསྟོད་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-06 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་དམག་ཁུངས་ནས་བུད་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་དང་། ཉིས་སྟོང་བཅུ་བཞི་ལོའི་དམག་ཁུངས་ནས་བུད་པའི་བཀོད་སྒྲིག་བྱ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་གཉིས་དང་མི་སྒེར་བཞིར་གཟེངས་བསྟོད་བྱས།

ཞིང་ཆེན་དམག་ཁུངས་ནས་བུད་པའི་དམག་མིའི་ལས་བསྒྱུར་དོ་དམ་ཞབས་ཞུ་ལྟེ་གནས་དང་། མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ལ་རྒྱལ་ཡོངས་ཀྱི་དམག་ཁུངས་ནས་བུད་པའི་ལས་བསྒྱུར་བཀོད་སྒྲིག་བྱ་བའི་སྔོན་ཐོན་ལས་ཁུངས་ཀྱི་གཟི་བརྗིད་མཚན་སྙན་གནང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིན་ཅི་ཀྲུང་དང་། མཚོ་སྔོན་སུང་ཧེ་ཁྲིམས་རྩོད་ལས་དོན་ཁང་གི་ཀྲུའུ་རིན་མཱ་ཧྲིན་ཧེ་གཉིས་ལ་རྒྱལ་ཡོངས་ཀྱི་དཔེ་ལེགས་དམག་ཁུངས་ནས་བུད་པའི་ལས་བསྒྱུར་ལས་བྱེད་པའི་གཟི་བརྗིད་མཚན་སྙན་གནང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་དམག་དཔོན་ལས་བསྒྱུར་བཀོད་སྒྲིག་ཁང་གི་མགོ་གཙོ་ལོ་ཐིན་རིན་དང་ཟི་ལིང་གྲོང་ཁྱེར་དམག་ཁུངས་ནས་བུད་པའི་ལས་བསྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཧྲིན་ཁྲང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་དམག་ཁུངས་ནས་བུད་པའི་བྱ་བ་བསྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག