མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་གིས་ཞིང་ཁྱིམ་ཁྲི་ལྷག་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-06-06 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཞིང་ལས་འཕྲུལ་ཆས་སྡེ་ཁག་གིས་སྡེ་ཁག་གིས་མཛུབ་སྟོན་དང་གཙོ་གནད་གསོ་སྦྱོང་། སྲིད་ཇུས་ཀྱིས་རོགས་སྐྱོར། ཚོང་རས་སྣེ་ཁྲིད། དཔེ་སྟོན་སྐུལ་སྤེལ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་མགྱོགས་མྱུར་སྒོས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་ལ་བཟོ་ཚོང་སྡེ་ཁག་ནས་དངོས་སུ་ཐོ་འགོད་བྱས་པའི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང56དང་མཉམ་ལས་ཁང་གི་ཁོངས་མི་ཁྱིམ་ཚང1963ཡོད་ལ། རིགས་སོ་སོའི་ཞིང་ལས་འཕྲུལ་ཆས656ཡོད། ཞིང་ལས་འཕྲུལ་ཆས་ཀྱི་མ་རྩའི་སྤྱི་འབོར་སྒོར་དུང་ཕྱུར་གཅིག་ཙམ་ལ་སླེབས་པ་དང་ཞབས་ཞུའི་ཁྱབ་རྒྱ་ཁྱིམ་ཚང་ཁྲི1ལྷག་ལ་སླེབས་ཤིང་། ལོ་རེའི་ཞབས་ཞུའི་ཡོང་སྒོ་སྒོར་ཁྲི1600ལྷག་ལ་སླེབས་ཡོད་པས། ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་དེ་ཞིང་ལས་འཕྲུལ་ཆས་ཅན་གྱི་ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བའི་ནུས་ཤུགས་གཙོ་བོར་གྱུར་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང10ལྷག་ལ་གཙོ་གནད་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། མཉམ་ལས་ཁང་རེ་རེར་འཕེལ་རྒྱས་མ་དངུལ་སྒོར་ཁྲི10ནས་ཁྲི20བར་རོགས་སྐྱོར་བྱས་ཡོད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་ཡང་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་དུ་ཁ་ཕྱོགས་ནས། ཉེ་བའི་ལོ་གསུམ་རིང་ལོ་རེར་ཁ་གསབ་མ་དངུལ་སྒོར་ཁྲི་བརྒྱ་ལྷག་གིས་རོགས་སྐྱོར་བྱས་ཡོད།

ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་ས་ཞིང་ཡུག་སྦྲེལ་འདེབས་འཛུགས་མངོན་འགྱུར་བྱས་ཏེ། ཐོན་འབབ་ཕན་འབྲས་ཇེ་མཐོར་བཏང་ཞིང་། ས་ཞིང་གཞི་ཁྱོན་ཅན་གྱི་བདག་གཉེར་འཕར་རིམ་ཇེ་མགྱོགས་སུ་བཏང་ཡོད། ཞིང་སྡེའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བདང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན། ཞིང་བའི་ཡོང་སྒོ་གོང་དུ་སྤེལ་ནས་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག