མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་མ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ལྔ་བཞིའི་སྐབས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་མ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ཞིང་ཆེན་ཚོགས་འདུ་ལྟེ་གནས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་པེ་ཅིན་སློབ་ཆེན་གྱི་དགེ་སློབ་བཞུགས་མོལ་གྲོས་ཚོགས་སྟེང་་གསུངས་བཤད་གལ་ཆེན་དང་ཧི་པེ་པའོ་ཏིན་སློབ་གླིང་གི་ནུབ་རྒྱུད་ལ་སློབ་གསོའི་རོགས་སྐྱོར་བྱེད་པའི་མཐར་ཕྱིན་སློབ་མར་ཡིག་ལན་བསྐུར་བའི་དགོངས་དོན་གཉིས་ལ་སློབ་སྦྱོང་ནན་ཏན་བྱས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་ཆེན་སོ་སོ་ནས་ཡོང་བའི་གུང་གཞོན་ཚོགས་པའི་ལས་བྱེད་མི་སྣའི་འཐུས་མི་དང་སློབ་མའི་ལས་བྱེད་མི་སྣའི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ན་གཞོན་འཐུས་མིས་རང་ཉིད་ཀྱི་བྱ་བ་དང་འཚོ་བ། སློབ་སྦྱོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་དང་ཡིག་ལན་གྱི་དགོངས་དོན་དང་དམིགས་ནས། ལང་ལོང་གིས་གཏམ་བཤད་སྤེལ་ནས་རང་ཉིད་ཀྱི་མྱོང་ཚོར་དང་ངོས་ཟིན་གླེང་སྟེ། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་རང་བཞིན་དང་དངོས་ཡོད་རང་བཞིན་གཅིག་གྱུར་བྱེད་པ་དེ་རེད་སྙམ་པ་དང་། ན་གཞོན་ནི་ཀྲུང་གོའི་མ་འོངས་བ་ཡིན་ལ། མི་རབས་གསར་བའི་ཕུགས་འདུན་སྙེག་མཁན་དང་ཕུགས་འདུན་མངོན་འགྱུར་བྱེད་མཁན་ཡང་ཡིན་པས།། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་རེ་བ་ལྟར་དུ། བསམ་བློ་དང་འགུལ་སྐྱོད་གཉིས་གསུངས་བཤད་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ན་གཞོན་ཚོར་བཅངས་བའི་རེ་བར་ངོས་ཟིན་ཟབ་མོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་བསྲིང་དང་དར་སྤེལ་ལ་གཏོང་བའི་འཐབ་ཇུས་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཐུན་མོང་གི་ཕུགས་འདུན་དང་ཐུན་མོང་གི་འདུ་ཤེས་འཛུགས་པ་དང་། ཐུན་མོང་གི་སྟོབས་ཤུགས་གཅིག་བསྒྲིལ་བྱེད་པ། གཅིག་གྱུར་གྱིས་མཉམ་དུ་འགུལ་སྐྱོད་བྱེད་པ་བཅས་བྱས་ནས། དུས་རབས་གསར་བའི་ལོ་རྒྱུས་འགན་ཁུར་ཁྲག་ཏུ་ལེན་པ་དང་། མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིངས་བ། བསམ་བློ་ཡིད་ཆེན་བརྟན་པོ་བྱེད་པ། སློབ་སྦྱོང་ལ་འབད་བརྩོན་དང་དཀའ་སྤྱད་དངོས་གཉེར་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་གསུམ་འཛུགས་སྐྲུན་གྱི་ལག་ལེན་དངོས་ཀྱི་ཁྲོད་དུ་ནུས་ཤུགས་འདོན་རྒྱུའི་ཚུལ་བསྟན།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག