མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-12 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས10ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། ཧྲིན་ཀྲང་ཧའོ་ཕིན་གྱིས་མཛུབ་སྟོན་གལ་ཆེན་གནང་བ་དང་ཧྲིན་ཀྲང་གཞོན་པ་མྰ་ཧྥིན་ཆིན་གྲོས་ཚོགས་སྟེང་ཞུགས་པ་མ་ཟད་གཏན་བཤད་བྱས།

གྲོས་ཚོགས་ལས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱར་ངེས་ཤེས་གསལ་བོ་སྤྱད་དེ། གཅིག་ནི་སྤྱིའི་དམིགས་འབེན་ཁོང་དུ་ཆུད་དགོས་པ་དང་།  ནུས་ཤུགས་ཡོད་དགུས་ཁྱད་ཆོས་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱས་པ་བརྒྱུད།  མཁར་གྲོང་གི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པ།  མཁར་གྲོང་གི་ཕྱོགས་བསྡུས་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཡིན།  གཉིས་ནི་མིར་གཞི་རྩ་འཛིན་པ་དང་དམངས་འཚོ་ལེགས་བཅོས་གཙོ་བྱེད་པ།  གཅིག་གྱུར་སྒོས་འཆར་འགོད་བྱེད་པ།  གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པ་བཅས་རིག་གནས་རྒྱུད་འཛིན་དང་ཁྱད་ཆོས་འབུར་དུ་ཐོན་པ།  རྨང་གཞི་རྒྱབ་བརྟེན་དུ་འཛིན་པ།  སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་རྩ་དོན་ཁོང་དུ་ཆུད་དགོས་པ་དང་རྒྱུན་འཁྱོངས་བྱེད་དགོས།  གསུམ་པ་ནི་མཁར་གྲོང་ཅན་དང་བཟོ་ལས་ཅན། བརྡ་འཕྲིན་ཅན།  རོང་འབྲོག་པ་དེང་རབས་ཅན། སྲིད་གཞུང་དང་ཚོང་ར།  ཞིང་ཆེན་དང་ས་ཁུལ་བར་གྱི་འབྲེལ་བ་བཅས་ཐག་གཅོད་ལེགས་པོ་བྱས་ནས།  མཁར་གྲོང་འཛུགས་སྐྲུན་བྱ་གཞག་བདེ་བླག་ངང་སྤེལ་བར་ཁེག་ཐག་བྱེད་དགོས་པར་བསྟན།  

གྲོས་ཚོགས་ལས་ད་དུང་ད་ལོ་ནི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ལོ་དང་པོ་ཡིན་ལ།  དོན་དངོས་སྟེང་མགོ་ཁྲིད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས།  དམིགས་འབེན་ལས་འགན་གཏན་འབེབས་བྱེད་པ་དང་།  འཛུགས་སྐྲུན་མ་དངུལ་ཧྲག་བསྡུ་དངོས་འབེབས་བྱེད་པ། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་བ་སོགས་ལོ་འདིའི་ནང་གི་འཛུགས་སྐྲུན་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་དགོས་པ་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག