མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་སྲིད་གྲོས་ཀྱི་སྐབས་གཉིས་པའི་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-12 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་མཉམ་དུ་སྤེལ་བའི་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་གཉིས་པའི་མི་རིགས་ཆོས་ལུགས་པའི་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་གནའ་མཁར་ཟི་ལིང་དུ་ཚོགས་འགོ་བརྩམས།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཁ་བྱང་ལ《མི་རིགས་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚད་ལྡན་ཞིག་ཇི་ལྟར་ཁུར་དགོས་པ》བརྗོད་དོན་དུ་བཟུང་ནས། གསོ་སྦྱོང་ལ་ཞུགས་པའི་སློབ་མར45ལ་ཐོག་དང་པའི་ཟུར་ཁྲིད་སྙན་ཞུ་སྤེལ།

རིན་ཆེན་རྒྱལ་གྱིས་རང་ཞིང་ནི་མི་རིགས་མང་པོ་འདུས་སྡོད་ས་ཁུལ་ཡིན་པ་དང་།  ཆོས་ལུགས་མང་པོ་མཉམ་དུ་གནས་པའི་གནས་བབ་ལ་གཞིར་བཟུང་ནས།  མི་རིགས་མཐུན་སྒྲིལ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ།  འཆམ་མཐུན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པའི་དོན་སྙིང་གཏིང་ཟབ་མོས་འགྲེལ་བཤད་བྱས།  ཁོས་རང་ཞིང་དུ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་མོ་ངང་སྤེལ་བཞིན་པའི་རྒྱུད་རིམ་ཁྲོད།  མི་རིགས་དང་ཆོས་ལུགས་ལས་རིགས་ནི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་།  མཉམ་གཅིག་ཏུ་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དང་འཆམ་མཐུན།  བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད།  ང་ཚོས་ལྡོག་རྩ་མཐུན་སྒྲིལ་བརྟན་སྲུང་དང་ལྡོག་རྩ་གཅིག་སྒྲིལ་བྱས་ན།  འཕེལ་རྒྱས་དང་འཆམ་མཐུན་བདེ་འཇགས་ཡིན་པའི་སྤྱི་ཚོགས་ཁོར་ཡུག་ཞིག་སྐྲུན་ཐུབ་པ་ཁོ་ཐག་ཡིན་པ་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་གི་ནང་དོན་གཙོ་བོ་དང་ཁྱད་ཆོས་སྟེང་ནས་གསལ་བཤད་བྱས་པ་དང་།  ཁོང་གིས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས་མང་ཚོགས་འབྲེལ་བ་བྱེད་པ་དང་།  མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་བཅས་ལ་བསམ་འཆར་གང་ལེགས་འདོན་སྤྲོད་བྱེད་པའི་ལས་འགན་ཡོད་ལ།  ཨུ་ཡོན་གྱི་བྱང་ཚད་མཐོར་འདེགས་སུ་གཏོང་བ་ནི་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོའི་གཞན་དང་མི་གཅིག་པའི་ནུས་པ་བེད་སྤྱོད་བྱེད་ཐུབ་པའི་ཆེད་ཡིན་པས།  སྲིད་གྲོས་རྩ་འཛུགས་མཐོར་འདེགས་ས་གཏོང་བ་དང་ལས་འགན་ལག་བསྟར་བྱེད་པ། མི་རིགས་ས་ཁལ་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་བྱེད་པའི་དགོས་མཁོ་སྐོང་བར་སྐུལ་འདེད་བྱེད་ཐུབ་པ་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག