མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་མ་དངུལ་སྒོར་ཁྲི7400ལྷག་བཏང་སྟེ་སྡེ་བ་ཡོངས་ནས་ཐོན་ལས་དབུལ་སྐྱོར་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-12 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་དབུལ་སྐྱོར་ཕྱོགས་སུ་ཤུགས་སྣོན་པ་དང་། མ་དངུལ་སྒོར་ཁྲི7400བཏང་སྟེ་སྡེ་བ་ཡོངས་ནས་ཐོན་ལས་དབུལ་སྐྱོར་དང་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་སོགས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།  རྒྱ་ཆེའི་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཕོངས་ལས་ཐར་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྐུལ་འདེད་བྱས།

 མཚོ་ལྷོ་ཁུལ་གྱིས་རིགས་སོ་སོའི་མང་ཚོགས་ལ་འབྱོར་ཕྱུག་གི་འཚོ་བ་གསར་བ་རོལ་དུ་འཇུག་པ་ནི་དབུལ་སྐྱོར་བྱ་བའི་གཙོ་གནད་དུ་བཞག་པ་དང་།  ཆེད་དབུལ་ས་ཁུལ་རོགས་སྐྱོར་བྱེད་པར་གཙོ་བྱས་ནས།  དབུལ་ཕོངས་སྡེ་བ་རུ་དབུལ་སྐྱོར་རྣམ་གྲངས་ཡོད་པ་དང་ཡོང་སྒོ་འཕར་སྣོན་བྱེད་པའི་རྣམ་གྲངས་ཡོད་པར་ཁེག་ཐག་བྱས།  མཚོ་ལྷོ་ཁུལ་དབུལ་སྐྱོར་ཅུའུ་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་ཁུལ་ཡོངས་སུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཐད་མ་དངུལ་འབོར་ཆེན་བཏང་ཞིང་། རྣམ་གྲངས་མང་པོ་འདུས།  དབུལ་སྐྱོར་རྣམ་གྲངས་སྤེལ་བ་བརྒྱུད།  དབུལ་ཕོངས་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་པ་མངོན་གསལ་ཡིན་པ་མ་ཟད།  སྡེ་བའི་རྣམ་པ་དང་སྤྱི་སྤྱོད་ཞབས་ཞུའི་ནུས་ཤུགས་ཀྱང་སྔར་ལས་ལེགས་བཅོས་ཐོབ་པའི་ཡིད་ཆེས་ཡོད་ཟེར།

མིག་སྔའི་བར།  ཁུལ་ཡོངས་ཀྱི་སྡེ་བ་ཡོངས་ནས་སྤེལ་བའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ལ་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ཁྲི4700བཏང་ཞིང་། དུད་ཁྱིམ་རེར་ཆ་སྙོམས་ཀྱི་སྒོར9600རེ་དང་། རྣམ་གྲངས་འདི་རྫོང5དང་དབུལ་ཕོངས་སྡེ་བ་ཁྲི1.7ལ་ཁྱབ་ཡོད།  ཐོན་ལས་དབུལ་སྐྱོར་དང་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་ཁྲི2700བཏང་བ་དང་།  གཙོ་བོར་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་རྟེན་གཞི་དང་སྔོ་ཚོད་དྲོད་ཁང་།  ཟིལ་ཏོག་འདེབས་འཛུགས།  ཞིང་བའི་སྤྲོ་ཁྱིམ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ།  ནོར་ལུག་གསོ་སྤེལ། ཚོང་ཁང་ཉོ་སྒྲུབ་སོགས་རྣམ་གྲངས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག