མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་བརྙན་འཕྲིན་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 09:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་བརྙན་འཕྲིན་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློངས་ཚོགས་འདུ་དང་རྒྱལ་ཡོངས་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་སྐོར་ཞིབ་བྱ་བ་བཀོད་སྒྲིག་བྱས། མཚོ་ཤར་གྲོང་ཁྱེར་གྱིས་ནན་ཏན་སྒོས་རྩ་འཛུགས་བྱས་ནས་གྲོས་ཚོགས་ཀྱི་གནས་ཚུལ་དངོས་ལ་བལྟས།

བརྙན་འཕྲིན་གྲོས་ཚོགས་གྲོལ་རྗེས། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུས་ཚོན་ལིག་གིས་མཚོ་ཤར་ཡན་ལག་ཚོགས་ཐོག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་རེ་བར་དམིགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཉིས་མཉམ་དུ་དར་་སྤེལ་དུ་བཏང་སྟེ། ཕྱི་ཕྱོགས་ཀྱི་ལྟ་སྐུལ་ཇེ་ལེགས་སུ་གཏོང་བ་དང་མཉམ་དུ་མགོ་ཁྲིད་ལས་བྱེད་པས་རང་གིས་རང་ལ་ལྟ་རྟོག་བྱེད་པར་ཤུགས་བསྣན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“བློ་སྦྱོང་ལ་གཟབ་ནན་དང་དབང་བཀོལ་ལ་གཟབ་ནན། རང་གཅུན་ལ་གཟབ་ནན། དོན་སྒྲུབ་ཐད་དངོས་གཉེར་དང་ལས་སྐྲུན་ཐད་དངོས་གཉེར། མི་ཚུལ་ཐད་དངོས་གཉེར”བཅས“ གཟབ་ནན་གསུམ་དང་དངོས་གཉེར་གསུམ”གྱི་རེ་བ་ལྟར། རང་གིས་རང་ལ་ཞིབ་བཤེར་དང་རང་སྐྱོན་ཡོ་བསྲང་བྱས་ནས“དམངས་དོན་དང་དངོས་གཉེར། སྲིད་གཙང”བཅས་ཀྱི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་བརྗོད་བྱ་གཙོ་བོ་ཡིན་པའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ་དང་གྲོང་ཁྱེར་དམངས་ཆེན། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གྲོས་ཚོགས་སུ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག