མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར32.54བཏང་སྟེ་མཛེས་སྡུག་གྲོང་རྡལ16བསྐྲུན་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-05-11 11:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱ་བའི་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ནས་བསྡུས། ཚོགས་ཐོག་ནས2014ལོའི་འཛུགས་སྐྲུན་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། 2014ལོ་ནི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱེད་པར་འགོ་འཛུགས་པའི་ལོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས2014ལོར་མཛེས་སྡུག་གྲོང་རྡལ16དམིགས་སུ་བཀར་ནས་སྔོན་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་གཏན་ཁེལ་བྱས་པ་དང་། འཆར་གཞི་ལྟར་ན་རིགས་ཆེན་པོ7དང་རྣམ་གྲངས235ལག་བསྟར་བྱ་རྒྱུ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར32.54གཏོང་རྒྱུ་ཡིན་པ་རེད།

འཆར་གཞི་ལྟར་ན། 2020ལོར་སླེབས་དུས། མཚོ་སྔོན་ཞིང་ཆེན་གྱིས་གནས་བས་ལེགས་པ་མངོན་གསལ་ཡིན་ཞིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ཡོད་པའི་གྲོང་རྡལ་ཆུང་ངུ80སོ་སོ་ནས་ས་ཁོངས་དང་། རིག་གནས། མི་རིགས་ཁྱད་ཆོས་མངོན་གསལ་ཡིན་པའི་ཁྱད་ལྡན་མཛེས་སྡུག་གྲོང་རྡལ་དུ་འཛུགས་སྐྲུན་བྱ་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག