མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གནོད་ཐེབས་མང་ཚོགས་ལ་དགུན་དཔྱིད་བར་གྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི1400རྩིས་སྤྲོད་བྱས་པ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-05-11 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་དགུན་དཔྱིད་བར་གྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི1400རྩིས་སྤྲོད་བྱས་ཏེ། དགུན་དཔྱིད་དུས་སུ་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བཟའ་འབྲུ་དང་། གྱོན་ཆས། དྲོད་འདོན་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱས།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ས་གནས་སོ་སོས《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་རོགས་སྐྱོར་མ་དངུལ་དོ་དམ་བྱེད་པའི་གནས་སྐབས་ཀྱི་བྱེད་ཐབས》ལྟར། དགུན་དཔྱིད་དུས་སུ་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བཟའ་འབྲུ་དང་། གྱོན་ཆས། དྲོད་འདོན་བཅས་ཀྱི་ཕྱོགས་ལ་ཁབ་གསབ་རོགས་སྐྱོར་བྱེད་དགོས་པ་དང་། རང་བྱུང་གནོད་འཚེ་རོགས་སྐྱོར་མ་དངུལ་གྱི་གཏོང་ཚད་དང་། བེད་སྤྱོད་བྱེད་ཚད། རྩིས་སྤྲོད་བྱེད་པའི་གནས་ཚུལ་དང་རོགས་སྐྱོར་བྱ་ཡུལ་གྱི་དོན་དངོས་རང་བཞིན་ལ་དཔྱད་ཞིབ་བྱས་ཏེ། རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་ཆད་ལྷག་མེད་པར་རོགས་སྐྱོར་བྱ་ཡུལ་ལག་ཏུ་འབྱོར་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག