མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མ་དངུལ་སྒོར་མོ་བྱེ་བ1.4བཏང་ནས་དགུན་དཔྱིད་སྐབས་སུ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཟ་འབྲུ་དང་གོན་པ། མལ་ཐུལ་སོགས་ཉོས་ནས་བྱིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མ་དངུལ་སྒོར་མོ་བྱེ་བ1.4བཏང་ནས་དགུན་དཔྱིད་སྐབས་སུ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཟ་འབྲུ་དང་གོན་པ། མལ་ཐུལ་སོགས་ཉོས་ནས་བྱིན།

ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་གནས་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་དོ་དམ་གནས་སྐབས་བྱེད་ཐབས་ཀྱི་ཆོད་དོན་ལྟར། དགུན་དཔྱིད་སྐབས་སུ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཟ་འབྲུ་དང་། གོན་པ། མལ་ཐུལ་སོགས་བྱིན་ནས་དཀའ་ཁག་ཡོད་པའི་མང་ཚོགས་ལ་ཁ་གསབ་བྱེད་དགོས་པ་དང་། རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྟེར་བ་དང་། བཀོལ་སྤྱོད། དངོས་བོ་བྱིན་པའི་གནས་ཚུལ་དང་རྒུད་སྐྱོབ་ཁ་གཏད་བྱ་བར་དཔྱད་ཞིབ་བྱེད་པ། རྒུད་སྐྱོབ་མ་དངུལ་དང་དེ་མིན་མ་དངུལ་དོན་ཐོག་ཏུ་འཁྱོལ་ཡོད་མིན་གྱི་བྱ་བར་ཁག་ཐེག་བྱས་ནས། དཀའ་ཁག་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག